མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཁག་12ཀྱིས་ཞིང་པ་ལས་མིའི་གླ་ཕོགས་དུས་ལྟར་སྤྲད་དེ་རང་ཡུལ་དུ་ལོག་ནས་ལོ་གསར་
ལ་རོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཁག་12དང་མཉམ་དུ་2018ལོའི་དཔྱིད་གསར་དུས་ཆེན་གོང་ལ་ཆད་འགྱངས་སྤྲོད་འགན་འཁུར་བའི་ཛ་དྲག་གི་བརྡ་སྦྱོར་བཏང་སྟེ་ས་གནས་ཁག་གིས་ཆད་འགྱངས་སྤྲོད་འགན་འཁུར་བའི་ལས་དོན་དེ་དཔྱིད་གསར་དུས་ཆེན་གོང་གི་དམངས་འཚོའི་ལས་དོན་དམ་འཛིན་དང་དངོས་འཛིན། བཟང་འཛིན་བཅས་བྱེད་པ་དང་། གླ་ཕོགས་ཆད་འགྱངས་བཏང་རིགས་ནུས་ཤུགས་ཡོད་རྒུ་བཏོན་ནས་གཙང་སྤྲོད་བྱས་ཏེ་ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་སྤྲད་དེ་རང་ཡུལ་དུ་ལོག་ནས་ལོ་གསར་ལ་རོལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          བརྡ་སྦྱོར་དུ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་དང་ངལ་རྩོལ་མང་འདུས་ཀྱི་ལས་སྣོན་བཟོ་སྐྲུན། བཟའ་བཏུང་ཞབས་ཞུ་སོགས་ཀྱི་ལས་རིགས་གཙོ་གནད་བྱས་ཏེ་གླ་ཕོགས་ཆད་འགྱངས་ཀྱི་ཉེན་ཁ་ཞིབ་བཤེར་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་གླ་ཕོགས་ཆད་འགྱངས་བཏང་རིགས་གཙང་སྤྲོད་ཀྱི་ལས་དོན་སྤྱི་སྟེགས་བཙུགས་ཏེ་གནད་དོན་ཐག་གཅོད་ངོ་མ་མ་བྱས་ན་རྩིས་ཐོ་ལས་གཏན་ནས་མི་སུབ་པ་དང་། ས་གནས་སྲིད་གཞུང་གིས་མ་དངུལ་བཏང་བའི་ལས་གྲྭའི་རྣམ་གྲངས་ལ་ལས་གྲྭའི་མ་དངུལ་ཆད་འགྱངས་བཏང་བའི་དབང་གིས་གླ་ཕོགས་ཆད་འགྱངས་བཏང་རིགས། ས་གནས་སྲིད་གཞུང་ལ་2017ལོའི་ལོ་མཇུག་གོང་དུ་སྔོན་ལ་གཙང་སྤྲོད་དགོས་པའི་སྐུལ་འདེད་གཏོང་དགོས། ལྟ་སྐུལ་དོ་དམ་གྱི་འགན་ཁུར་དོན་འཁྱོལ་མ་བྱས་པ་དང་། ལས་དོན་གནད་ལ་འཕིགས་པར་མ་བསྒྲུབ་པ། དེ་བཞིན་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བཏང་བ་སོགས་པའི་གནད་དོན་བྱུང་བ་ལས་ཐལ་དྲགས་ཀྱི་དོན་རྐྱེན་དང་མང་ཚོགས་རང་བཞིན་གྱི་དོན་རྐྱེན་ཚབས་ཆེན་བྱུང་ན། འབྲེལ་ཡོད་སྡེ་ཚན་ལ་འབྲེལ་ཡོད་འགོ་ཁྲིད་དང་འགན་ཁུར་བའི་འགན་འཁྲི་བདའ་འདེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།