མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་ཡང་བསྐྱར་ཐོན་འདུག

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཀྱི“གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལྟ་སྐུལ་ཐེར་འདོན་གྱི་དམར་འདོན་ཆེད་ཁུལ”དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་22བརྡ་ཁྱབ་བཏང་འདུག དེ་ནི་ཆེད་ཁུལ་དེས“གཟའ་འཁོར་གཉིས་རེའི་བརྡ་ཁྱབ”ལེ་ཚན་བཏོད་རྗེས་གཅིག་སྡུད་བརྡ་ཁྱབ་གཏོང་ཐེངས་གཉིས་པ་རེད།
        བརྡ་ཁྱབ་བཏང་བའི་གནད་དོན་22དག་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ནང་སོག ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ནས་ཐོན་ཞིང་། བརྡ་ཁྱབ་དང་དམར་འདོན་གྱི་གནད་དོན་གྲས་སུ་གཞུང་དངུལ་བཏང་ནས་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པ་དང་། སྒྲིག་འགལ་ངང་བྱ་དགའི་དངུལ་སྤྲོད་པ། ཚད་གཞི་ལས་བརྒལ་ནས་གཞུང་ལས་ཁང་སྤྱོད་པ། སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་བཟའ་བཏུང་བྱེད་པ། སྒྲིག་འགལ་ངང་དུས་ཆེན་གྱི་ལག་རྟགས་ལེན་པ་སོགས་ཀྱི་གནད་དོན་ཚུད་ཡོད། དེས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང“སྤྱོད་ཚུལ་བཞིའི”གནད་དོན་སླར་ཡང་ཐོན་རྒྱུ་བཀག་འགོག་བྱེད་པར་རྣམ་གནོན་གྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད།