མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་
ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ལྔ་པ་ཚེས་16ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་གཏན་འབེབས་འཆར་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྙན་ཞུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ། འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་གསན་པ་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ཅང་ཤིན་ཀྲིས་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འོས་མི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འོས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ་བཅས་ཀྱི་འོས་མི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འོས་མི་བཅས་ནང་མོལ་དང་གྲོས་མོལ་བྱས་ཚུལ་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྙན་ཞུ་གསན་པ་རེད།
       ཚོགས་འདུའི་ཐོག་གོང་གསལ་གྱི་གཏན་འབེབས་འཆར་ཟིན་དང་། བྱེད་ཐབས་འཆར་ཟིན། སྙན་ཞུ་བཅས་དང་འོས་མིའི་མཚན་ཐོའི་འཆར་ཟིན་ཁག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དྲུག་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།
       ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཤིས་དང་། ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅིས་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ་བཅས་ཚོགས་འདུར་ཕེབས་པ་རེད།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་16ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད།
      ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚོགས་འདུར་ཕེབས་དགོས་པའི་མི་190ཡོད་པ་དང་། དངོས་སུ་མི་གྲངས་190ཕེབས་ཡོད་པས་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
       ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་་ཇུས་གཞིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གཏན་འབེབས་འཆར་ཟིན་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
      ཟླ་3ཚེས་16ཉིན་གྱི་སྔ་དྲོ་འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་ཀྱི་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་གནང་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་བྱེད་ཐབས་འཆར་ཟིན་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
       ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མིས་བཏོན་གནང་བའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྙན་ཞུ་གསན་པ་རེད། ཤིན་ཁྲུན་དབྱིང་གིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འབེབས་བྱས་པའི་འཐུས་མིའི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་གཞིར་བཟུང་ཟླ་3ཚེས་14ཉིན་གྱི་ཆུ་ཚོད་12པའི་བར་ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་ཁྱོན་འཐུས་མིས་བཏོན་པའི་གྲོས་གཞི་325འབྱོར་ཡོད། དེའི་ནང་ཁྲིམས་འཛུགས་དང་འབྲེལ་བ་ཡོད་པ་322དང་། ལྟ་སྐུལ་དང་འབྲེལ་བ་ཡོད་པ་1 གཏན་འབེབས་དོན་ཚན་དང་འབྲེལ་བ་ཡོད་པ་2བཅས་ཡོད། འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི་12དང་འཐུས་མིས་མིང་མཉམ་དུ་བཀོད་ནས་བཏོན་པའི་313ཡོད་པ་རེད།
       ཤིན་ཁྲུན་དབྱིང་གིས་འདི་ལོ་འཐུས་མིས་བཏོན་པའི་གྲོས་གཞི་མང་ཆེ་བ་བཅའ་ཁྲིམས་གྲོས་གཞི་དང་འབྲེལ་བ་ཡོད། ནང་དོན་གཙོ་བོ་གཤམ་གསལ་གྱི་ཕྱོགས་ཁག་དང་གཅིག་སྡུད་བྱས་པ་སྟེ། གཅིག་ནི་རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་བཅའ་ཁྲིམས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། གཉིས་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པའི་དགོས་མཁོ་དང་བསྟུན་ནས་ཁྲོམ་རའི་དཔལ་འབྱོར་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གསུམ་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། བཞི་ནི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། ལྔ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་གནང་བའི་གྲོས་གཞིར་རིམ་བཞིན་དབྱེ་ཞིབ་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད་ད་ཐེངས་ཀྱི་ཚོགས་འདུའི་གྲོས་ཞིབ་ནང་འཇུག་དགོས་པའི་གྲོས་གཞི་མེད་པའི་ངོས་འཛིན་གནང་བ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་གནང་བའི་གྲོས་གཞི་དག་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་གྲོས་གཞིར་གྲོས་ཞིབ་གནང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱས་འབྲས་འདོན་རྒྱུའི་སྙན་ཞུ་ཕུལ་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་པར་འགྲེམས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
       ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་ལ་གཤམ་གསལ་གྱི་གྲོས་འགོ་ཁག་བཏོན་པ་སྟེ་གཅིག་ནི་འཐུས་མིས་གྲོས་གཞི་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཉིས་ནི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལས་དོན་ཁྲོད་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གསུམ་ནི་འབྲེལ་ཡོད་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གྱི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་བཅས་རེད།
        ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་བ་རེད།
       ཟླ་3ཚེས་15ཉིན་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འོས་མིའི་མཚན་ཐོ་བཏོན་རྗེས་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་གནང་བ་རེད། འཐུས་མི་ཚོས་འོས་མི་ཐོན་པའི་ཐད་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་། འོས་མིའི་བྱང་ཚང་གི་ཆ་རྐྱེན་དང་དམངས་འདོད་ཀྱི་རྨང་གཞི་བཟང་བ། གྲུབ་ཆ་ལུགས་མཐུན་བཅས་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་བ་དང་འབྲེལ་བརྩི་བཀུར་དང་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གོང་གསལ་གྱི་འོས་མི་དག་འོས་མི་དངོས་གཞིར་བརྩིས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་གནང་བ་རེད།
       ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཤིས་དང་། ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུན་ཤན། ཧྲེན་གཡོད་གཡོད། ཅི་པིན་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།