མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་
ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་
ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་གནང་ནས་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་ཁ་ཤས་རིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་པུན་དབྱང་ཞལ་འཛོམས་ཡང་ཡང་བྱུང་། 2017ལོར་ད་དུང་ཕན་ཚུན་འཚམས་འདྲི་བྱས་ནས་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བ་དག་དོན་འཁྱོལ་ཧུར་ཐག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། 2013ལོར་ངས་ཀྲུང་ལོ་རྒྱལ་ཁབ་གཉིས་ནི་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་རེད་ཅེས་ཐེངས་དང་པོ་བཏོན་པར་ལོ་སི་ཕྱོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་བྱུང་། ཀྲུང་ལོ་རྒྱལ་ཁབ་གཉིས་པོས་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་པུན་དབྱང་ལ་ངོས་འཛིན་གཅིག་མཐུན་བྱུང་ལ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་ནང་བཀོད་དེ་ཏང་གཉིས་དང་། རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་པོའི་མི་དམངས་བཅས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། དེ་ལས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་རྒྱུར་སྐུལ་མ་ཐེབས་པ་མཚོན་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་བསྟུན་ནས་ཕྱོགས་གཉིས་པོས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཐུན་མོང་ངོས་འཛིན་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་དམིགས་ནས་དེའི་འདུ་ཤེས་བྱ་སྤྱོད་དུ་བསྒྱུར་བ་དང་བསམ་འདུན་དོན་དངོས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་འདུས་གྲུབ་དོན་འཁྱོལ་ཏན་ཏིག་ཡོང་བ་བྱེད་དགོས། གཅིག་ནས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ལོ་སི་ཕྱོགས་གཉིས་པོས་ཕྱོགས་ཡོངས་དང་། རིམ་པ་མང་པ། ལམ་སྲོལ་རང་བཞིན་བཅས་ཀྱི་སྒོ་ནས་གླེང་མོལ་དང་སྤེལ་རེས་བྱས་ཏེ་ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཉིས་ནས་དོན་གཉེར་མཉམ་ལས་གཏིང་ཟབ་བྱས་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཁེ་ཕན་གྱི་འབྲེལ་ཐག་དམ་དུ་གཏོང་དགོས། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”ཀྱི་སྒྲོམ་གཞིའི་འོག་རྣམ་གྲངས་ཆེ་མོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་དམངས་འཚོ་དང་དབུལ་སྐྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གོང་འོག་མཉམ་འགུལ་གྱིས་ཀྲུང་གོ་དང་ལོ་སིའི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་དགོས། གསུམ་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་དགོས། བཞི་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། དམངས་ཁྲོད་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པ་བརྒྱུད། ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་དམངས་ཁྲོད་དུ་དངོས་གནས་གཞི་ཚུགས་པ་དང་གཞི་རིམ་དུ་རྩ་བ་བརྟན་པོ་ཚུགས་པར་བྱེད་དགོས། ལྔ་ནས་སྣོད་བཅུད་སྲུང་སྐྱོང་ལ་སྣང་ཆེན་བྱས་ནས་ལས་དབང་གཅིག་མཐུན་འདུས་གྲུབ་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་གཅིག་མཐུན་འདུས་གྲུབ་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་དང་གཏོད་དགོས་པའི་ནན་བཤད་གནང་བ་རེད།
       པུན་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་ནི་ལོ་སི་ཏང་དང་སྲིད་གཞུང་དང་མི་དམངས་ཀྱི་ཡིད་ཆེས་ཐོབ་པའི་གྲོགས་པོ་བློས་ཐུབ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་ན་ནིང་ལོ་སིར་འཚམས་འདྲི་གནང་རིང་ང་དང་ངོས་འཛིན་གཅིག་མཐུན་བྱུང་བའི་རྣམ་གྲངས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་བཞིན་ཡོད་ལ། ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་བཏོན་གནང་བའི་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མཛུབ་ཁྲིད་བསམ་འཆར་ལ་ང་རྦད་དེ་མོས་མཐུན་ཡོད་ལ། ཏང་གཉིས་ཀྱི་འབྲེལ་བར་བརྟེན་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱེད་འདོད་ཡོད། ཏང་གཉིས་པོའི་མཐོ་རིམ་དབར་དུས་བཀག་ནང་མཇལ་འཛོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས། སྲིད་གཞུང་གི་ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ལོ་ཀྲུང་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་རྣམ་གྲངས་ཆེ་མོ་མཉམ་ལས་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲ་ཞིང་བརྟན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཕྱོགས་གཉིས་པོས་ད་དུང་རང་སོ་སོའི་ཏང་འཛུགས་སྐྱོང་དང་རྒྱལ་ནང་གི་འཕེལ་རྒྱས་འགྲོ་ཚུལ་བརྡ་ཁྱབ་བཏང་ཞིང་། ཞི་ཅིན་ཕིང་གིས་ལོ་སི་ཏང་གི་ཚོགས་ཆེན་བཅུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་གིས་འགོ་ཁྲིད་གནང་བའི་ལོ་སི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་གྲུབ་འབྲས་གསར་པ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་གནང་བ་དང་སྦྲགས་ཀྲུང་གོ་ཕྱོགས་ཀྱིས་དེ་བས་བྱ་སྤྱོད་ནུས་ལྡན་གྱི་ཐོག་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཨེ་ཤེ་ཡ་དང་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།