མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲའན་ཤིས་ཀྲའོ་ཅིན་པེ་ལེའང་དམར་དམག་སློབ་ཆུང་གི་
སློབ་མར་འཕྲིན་ལན་སྤྲིངས་ནས་ལྕག་སྐུལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་30ཉིན་ཧྲའན་ཤིས་ཀྲའོ་ཅིན་པེ་ལེའང་དམར་དམག་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
            ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོས་བསྐུར་བའི་འཕྲིན་ཡིག་བལྟས་རྗེས་དགའ་སྤྲོ་ཆེན་པོ་བྱུང་། འཕྲིན་ཡིག་ནང་གྲོང་ཚོའི་རྒན་རབས་པ་ཚོས་ཁྱེད་ཚོར་རྟག་ཏུ་ཀྲའོ་ཅིན་གྱི་གསར་བརྗེའི་ལོ་རྒྱུས་ཤོད་པའི་སྐོར་བྲིས་འདུག གསར་བརྗེའི་ས་གཞི་དེ་ནི་ཁྱེད་ཚོས་སྤོབས་པ་བྱེད་འོས་པ་ཞིག་རེད། ཁྱེད་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་ཀྱི་ལོ་རྒྱུས་ཤེས་བྱ་ཤེས་རྟོགས་མང་ཙམ་དང་སྔོན་གཤེགས་དཔའ་བོ་དང་དཔེ་མཚོན་མི་སྣར་སློབ་སྦྱོང་མང་ཙམ་བྱས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།
          ཞི་ཅིན་ཕིང་གིས་ང་ཁྱེད་ཚོའི་ཕ་ཡུལ་ཀྲའོ་ཅིན་ལ་འགྲོ་མྱོང་ཡོད། ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་འོག་པེ་ལེའང་སློབ་ཆུང་ཆ་ཚང་སློབ་ཆུང་དུ་བསྐྱར་གསོ་མགྱོགས་མྱུར་ཐུབ་རྒྱུ་ཡིན་པས། དེ་དུས་སློབ་མ་ཚོ་ལོ་རིམ་མཐོ་བར་སླེབས་དུས་ཐག་རིང་ལ་འགྲོ་མི་དགོས་པར་སློབ་གྲྭ་ནས་འཐུང་ཆུ་ཐད་ཀར་ལེན་ཐུབ་ལ་ཆུ་དྲོན་མོས་གཟུགས་པོ་འཁྲུ་ཐུབ་རྒྱུའང་རེད། ཁྱེད་ཚོས་ད་ཆའི་བདེ་སྐྱིད་འཚོ་བ་ཐོབ་པར་དཀའ་བ་ཞིག་ཡིན་པ་དངོས་གནས་ཡག་པོ་བཤད་འདུག་པས། ཁྱེད་ཚོས་དྲིན་ཚོར་གྱི་སེམས་པ་འཆང་བ་དང་དུས་ཚོད་བཟང་པོར་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།