མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་《གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》དང་《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
           ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་བཏོན་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ལ་དམིགས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་པ་དུང་ཕྱུར་མང་པོའི་རེ་འདོད་དང་བསྟུན་ནས“ཞིང་གསུམ”གྱི་ལས་དོན་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག དུས་རབས་གསར་པར“ཞིང་གསུམ”ལས་དོན་ལེགས་པར་སྒྲུབ་པའི་སྤྱིའི་དམ་འཛིན་བྱེད་གཞི་ཞིག་བཅས་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)ནང་ལས་ཀའི་གཙོ་གནད་དང་སྲིད་ཇུས་བྱ་ཐབས་ཞིབ་ཕྲ་དང་དངོས་ཡོད་ཅན་དུ་འགྱུར་བ་དང་། ལས་གྲྭ་དང་། འཆར་གཞི། བྱ་སྤྱོད་བཅས་གལ་ཆེན་འགའ་ཞིག་བཀོད་སྒྲིག་བྱས་ནས་སླད་ཕྱིན་ལོ་ལྔའི་རིང་ཀྲུང་དབྱང་གི་ཡིག་ཨང་དང་པོ་དོན་འཁྱོལ་བྱེད་པའི་སྲིད་ཇུས་ཀྱི་སྒྲོམ་གཞི་ཆགས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་འཁྱོལ་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཐོན་ལས་དར་རྒྱས་ཆེ་བ་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་གླེབས་ཆེ་བ། འཚོ་བ་འབྱོར་ཞིང་ཕྱུག་པ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་ལམ་སྲོལ་དང་སྲིད་ཇུས་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགྲོ་ལམ་ཐོག་སྐྱོད་པ་བཅས་བྱས་ཏེ་ཞིང་ལས་དེ་མདུན་ལམ་ཡོད་པའི་ཐོན་ལས་དང་། ཞིང་པ་ཡིད་དབང་འཕྲོག་པའི་ལས་རིགས། གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས།
           ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དེ་གནས་བབ་ཨང་དང་པོའི་ཐོག་དངོས་འབྲེལ་བཞག་སྟེ་ཏང་གིས་གྲོང་གསེབ་ལས་དོན་ལ་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། གཞི་གཅིག་ཇུས་འགོད། འཆར་མང་གཅིག་སྒྲིལ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ས་གནས་ཀྱི་འཆར་འགོད་དང་ཆེད་དོན་འཆར་འགོད་དམ་ཡང་ན་ཇུས་གཞི་བཟོ་རྒྱུར་དམ་འཛིན་བྱས་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཚང་མར་བརྩི་སྲུང་ཞུ་སའི་སྒྲིག་སྲོལ་ཡོད་པ་དང་། རིམ་པ་སྟར་ཆགས་བཞིན་འགན་འཁུར་མཁན་ཡོད་པ་བྱེད་དགོས།
           ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་བཀོད་སྒྲིག་གལ་ཆེན་གནང་བ་དང་། རྒྱུན་གཏན་ལས་ལྷག་པའི་བྱ་ཐབས་རབ་དང་རིམ་པ་སྤྱད་པས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དབུལ་སྐྱོར་བྱེད་པའི་ཤུགས་ཆེའི་མཉམ་ཤུགས་ཆགས་ཡོད།
            ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་འགག་སྒྲོག་དམག་འཐབ་ཆེན་པོ་གསུམ་གྱི་གྲས་ཤིག་ཏུ་བརྩིས་ཏེ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། འབྱུང་འགྱུར་ལོ་གསུམ་ནང་ད་དུང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་3000ཙམ་དབུལ་སྒྲོལ་བྱེད་དགོས་ཀྱི་ཡོད། དེས་ན་ང་ཚོས་ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་འཕྲད་པའི་དཀའ་གནད་དང་འགྲན་སློང་རིག་པ་དྭངས་གསལ་གྱི་སྒོ་ནས་གསལ་ཤེས་ཐུབ་པ་བྱས་ཏེ་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཡང་འབད་བསྐྱར་འབད་དང་གནད་སྨིན་ཇུས་འདོན་བྱེད་པ། དེ་བས་ནུས་ལྡན་གྱི་བྱ་སྤྱོད་དང་དེ་བས་ཏན་ཏིག་གི་ལས་དོན་སྤེལ་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་པོའི་དཀའ་གནད་ནང་གི་དཀའ་གནད་དང་འགག་སྒོའི་ནང་གི་འགག་སྒོ་སྒྲོལ་བ་བཅས་བྱས་ཏེ་དུས་བཀག་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ཚེ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་འགན་ལེན་བྱེད་དགོས།
           ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས། དབུལ་སྐྱོར་ཆེ་མོའི་ལས་ཀའི་རྣམ་པ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ད་ལྟ་ལག་ལེན་བསྟར་བཞིན་པའི་དབུལ་སྐྱོར་གྱི་ཚད་གཞི་མཐའ་འཁྱོངས། ཤིན་ཏུ་དབུལ་པོའི་ས་ཁུལ་དང་དམིགས་བསལ་དབུལ་པོའི་ཚོགས་སྤྱིར་དོ་ཁུར། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ། སྲིད་ཇུས་མཁོ་སྤྲོད་ལེགས་སྒྲིག ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་པ་བཅས་བྱས་ཏེ་མི་འབོར་དབུལ་པོའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ་དང་འབྲེལ་མི་འབོར་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཐུབ་པའི་རྨང་གཞི་བརྟན་དུ་ནུས་ལྡན་གཏོང་དགོས།
             ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་པོའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་ཡོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་འཕེལ་རྒྱས་ཆ་རྐྱེན་ལེགས་སུ་ནུས་ལྡན་གཏོང་བ་དང་། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་མང་ཚོགས་ཀྱི་དམིགས་བསལ་དཀའ་ངལ་ཐག་གཅོད་ནུས་ལྡན་བྱེད་པ། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱ་ཤུགས་ཆེ་རུ་ནུས་ལྡན་གཏོང་བ་བཅས་བྱེད་དགོས།
           ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་དོན་འཁྱོལ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་དཔྱད་ཞིབ་དང་། ལྟ་སྐུལ། དཔྱད་དཔོག་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་དཔྱད་དཔོག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་གཞི་རིམ་གྱིས་དཔྱད་དཔོག་དང་ཞིབ་བཤེར་ལ་སུན་སྣང་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།