མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྐབས་
༢༦པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྐབས་
༢༦པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འགོ་ཚུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༧ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་སྐབས་༢༦པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་པེ་ཅིང་གྲོང་ཁྱེར་དུ་འཚོགས་འགོ་བརྩམས་པ་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་དཔལ་འབྱོར་དངོས་ཚན་ཁག་གི་པུའུ་ཀྲང་ངམ་ཡང་ན་འཐུས་མི་དང་། དྲུང་ཡིག་ཁྲུའུ་ཡི་ལག་བསྟར་ཀྲུའུ་རེན། བཟོ་ཚོང་འདྲི་རྩད་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། ལྟ་ཞིབ་པའི་འཐུས་མི། ཆེད་མངགས་གདན་ཞུས་མགྲོན་པོ་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། གྲོས་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་དང་ཚོང་དོན་པུའི་པུའུ་ཀྲང་ཀའོ་ཁྲེང་ཧུའུ་ཁྲེན་གཉིས་ཀྱིས་སྔ་རྗེས་སུ་མགོ་རྩོམ་ཞུ་ཚིག་གནང་བ་རེད།

༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྐབས་
༢༦པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འགོ་ཚུགས་པ།