མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་ཨན་ཀོ་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་20ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་ཨན་ཀོ་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་ཀྲུའུ་ཞི་གཞོན་པ་ལུའོ་པོ་ཐུའོ་•ཏེ་ཨར་མེ་ཏ་ཡིས་སྣེ་ཁྲིད་གནང་བའི་ཨན་ཀོ་ལའི་མི་དམངས་བཅིངས་འགྲོལ་ལས་འགུལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་རེད། 
         ལིའུ་ཡུན་ཧྲན་གྱིས་ཀྲུང་ཨན་རྒྱལ་ཁབ་གཉིས་བར་གྱི་གཉིས་ཕན་མཉམ་ལས་འཕེལ་རྒྱས་མགྱོ གས་མྱུར་ཕྱིན་ཞིང་། ནུས་པའི་འབྱུང་ཁུངས་དང་། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ཞིང་ལས། རིག་སྐྲུན་ལ་སོགས་པའི་ཁྱབ་ཁོངས་སུ་གཡུར་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ ཨན་ཀོ་ལའི་མི་དམངས་བཅིངས་འགྲོལ་ལས་འགུལ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། མཐོ་རིམ་བར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཀྲུང་ཨན་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་ཟམ་མ་ཆད་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་དང་། ལིའུ་ཡུན་ཧྲན་གྱིས་དྲིས་ལན་སྐྱོན་པའི་སྒོ་ནས་འདི་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དང“ཕྱོགས་ཡོངས་ནས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཚམས་སྦྱོར་གནང་སྟེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་ཚུལ་གསར་པ་ཞིག་ཏུ་འཕེལ་བ་དང་། ང་ཚོའི་མདུན་དུ་ལྷགས་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཉུང་དུ་སོང་མེད་པར་སྔར་ལས་མང་དུ་སོང་བ་དང་། གཉིས་ཕན་མཉཕམ་ལས་བྱེད་རྒྱ་ཆུང་དུ་ཕྱིན་མེད་པར་སྔར་ལས་ཆེ་རུ་ཕྱིན་པས། ང་ཚོས་ཀྲུང་གོ་འཕེལ་རྒྱས་སྔར་ལས་ལེགས་པར་བཏང་སྟེ་ཨ་ཧྥ་རི་ཁ་གླིང་ཚུད་པའི་འཛམ་གླིང་ཧྲིལ་པོར་ཕན་པར་བྱེད་རྒྱུའི་གདེང་ཚོད་ཡོད་ཅེས་བསྟན་གནང་བ་རེད།