མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཧོ་ཡེ་དབྱང་ཕིང་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཧོ་ཡེ་དབྱང་ཕིང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལྗར་པན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་ཡེ་དབྱང་ཕིང་དང་ཁོང་གིས་སྣེ་ཁྲིད་གནང་བའི་ལྗར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པ་ཆེ་གྲས་ལ་མཇལ་འཕྲད་གནང་བ་རེད།
         ལི་ཁེ་ཆང་གིས་ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་དང་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ཀྲུང་ལྗར་བར་གྱི་འབྲེལ་བར་འགྲན་སློང་ཡོད་ལ། གོ་སྐབས་ཀྱང་ཡོད་ཅིང་། གནད་འགག་ནི་ལྗར་པན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་གནད་དོན་ལ་སྤྱོད་ཚུལ་ཇི་ལྟར་འཛིན་པ་དང་ཐག་གཅོད་ཇི་ལྟར་བྱེད་པར་ཐུག་ཡོད། སྐུ་ཞབས་ཧོ་ཡེ་ཡིས་སྐབས་དེ་དུས་སྤེལ་བའི“ཧོ་ཡེའི་གཏམ་བཤད”ཀྱིས་ཆབ་སྲིད་པའི་དཔའ་སྟོབས་དང་འགན་ཁུར་དོན་མངོན་གསལ་དུ་མཚོན་པས། “ཚུན་ཧྲན་གྱི་གཏམ་བཤད”དང་མཉམ་དུ་ལྗར་པན་སྲིད་གཞུང་གིས་ལོ་རྒྱུས་ཀྱི་གནད་དོན་ལ་འཛིན་དགོས་པའི་སྤྱོད་ཚུལ་ཡང་དག་པ་མཚོན་པ་རེད། མིག་སྔའི་གནས་བབ་འོག་ལྗར་པན་ཕྱོགས་ཀྱིས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་ཡུན་རིང་གཏོང་རྒྱུ་གནད་ཆེར་བཟུང་སྟེ་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་འོས་འཚམས་བྱས་ནས་ཕྱི་ཕྱོགས་ལ་ལོ་རྒྱུས་ལ་མཐོང་ཆེན་བྱེད་པའི་དགེ་མཚན་ལྡན་པའི་ཆ་འཕྲིན་སྤེལ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།

༄༅།།ལི་ཁེ་ཆང་གིས་ཧོ་ཡེ་དབྱང་ཕིང་ལ་མཇལ་འཕྲད་གནང་བ།