མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ་》ཞེས་པའི་བོད་ཡིག་པར་
མ་བོད་ལྗོངས་སུ་མཚམས་སྦྱོར་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་སུ་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ་》ཞེས་པའི་བོད་ཡིག་པར་མ་མཚམས་སྦྱོར་ངོ་སྤྲོད་ཀྱི་ཚོགས་འདུ་དེ་ཚེས་27ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་(ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང)རུ་འཚོགས་པ་རེད།
         ན་ནིང་ཟླ་བ་དགུ་པར་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་དེབ་དེའི་རྒྱ་ཡིག་དང་ཕྱིའི་སྐད་ཡིག་བརྒྱད་དུས་གཅིག་ཏུ་པར་དུ་བསྐྲུན་པས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་རྒྱ་ཁྱབ་ཏུ་དོ་ཁུར་ཐོབ་ཀྱི་ཡོད། འདི་ལོའི་ལོ་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་མི་རིགས་དཔེ་སྐྲུན་ཁང་སོགས་ཚན་པ་སྒྲིག་འཛུགས་བྱས་ཏེ་བོད་ཡིག་པར་མ་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལྔའི་པར་མའི་ཡིག་སྒྱུར་ལས་དོན་སྤེལ་ཞིང་། ཉེ་ཆར་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ་》ཞེས་པའི་བོད་ཡིག་པར་མ་དེ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།
          མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་ཚེ་རིང་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡིག་སྒྱུར་ལས་དོན་འགོ་ཚུགས་སྐབས་དཔེ་སྐྲུན་ཁང་གིས་སྒྲིག་འཛུགས་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྐུ་ཡོན་ཆེ་བའི་ཡིག་སྒྱུར་རིགས་གཅིག་མཁས་ཅན་དང་། རྐང་འཛིན་པ། དབང་གྲགས་རིགས་གཅིག་མཁས་ཅན་བཅས་ཀྱིས་ཡིག་སྒྱུར་དང་ཞུས་དག་གི་ལས་ཀའི་ནང་མི་རིགས་ཅན་དང་། སྐད་ཡིག་ཚད་ལྡན་ཅན། གོ་བདེ་ཅན་བཅས་ཀྱི་ཐད་གསར་གཏོད་རང་བཞིན་གྱི་ངལ་རྩོལ་བྱས་ནས་ཡིག་སྒྱུར་གྱི་ཆུ་ཚད་མཐོ་ཤོས་མངོན་ཡོད།
         ཡིག་སྒྱུར་དང་པར་སྐྲུན་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་ཆེད་པར་སྐྲུན་ཁང་གིས་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་། མི་རིགས་དཔེ་སྐྲུན་ཁང་། བོད་ཀྱི་རིགས་གཅིག་མཁས་ཅན་བཅས་ཕྱོགས་གསུམ་མཉམ་ཞུགས་ཚོགས་འདུའི་ལམ་སྲོལ་བཙུགས་པ་དང་། བོད་རིགས་ཡུལ་སྐད་ཆེན་པོ་གསུམ་གྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཡིག་སྒྱུར་ཚོགས་པས་བོད་ཡིག་ཡིག་སྐད་རྨང་གཞིར་བྱེད་པ་དང་། མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་བོད་རང་སྐྱོང་ལྗོངས་སྐད་ཡིག་གཞུང་ལས་ཁང་སོགས་སྒྲིག་གཞིས་ཡོངས་བསྒྲགས་བྱས་པའི་བོད་ཡིག་གི་ཐ་སྙད་གསར་པ་ཚད་གཞིར་བྱས་ནས་སྒྱུར་ཡིག་འཕྱུགས་པ་མེད་པ་འགན་ལེན་བྱས་པ་དང་ཕྱོགས་མཚུངས་ཡུལ་སྐད་ཁུལ་ཁག་གི་ཀློག་པ་པོར་བསམ་གཞིག་བྱས་ཏེ་གོ་བདེ་ཤེས་སླ་ཡོང་བ་བྱས་ཡོད།
         ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་སྐོར་གཟིགས་པ་གཞོན་པ་འཇིགས་མེད་རྡོ་རྗེས་མཚམས་སྦྱོར་ངོ་སྤྲོད་ཀྱི་ཚོགས་འདུའི་ཐོག་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ་》ཞེས་པའི་བོད་ཡིག་པར་མ་པར་སྐྲུན་བྱས་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་ཀྱི་འདུ་ཤེས་དང་སྲིད་འཛིན་ཇུས་ཆེན་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱད་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་མ་གཏོང་བ་བཅས་ཀྱི་ཐད་ཕན་ཐོགས་ཡོད་པ་དང་ཆབས་ཅིག་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།