མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་
དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་འཐབ་ཕྱོགས་
གཅིག་གྱུར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་རི་འགོག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐུབ་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     སུན་ཁྲུན་ལན་གྱིས། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་ནི་ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། རི་འགོག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱལ་ཁ་ཡང་རེད། ཀྲུང་གོ་གུང་ཁྲན་ཏང་གི་འབོད་སྐུལ་འོག་བཙུགས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱིས་ཆེས་རྒྱ་ཁྱབ་ངང་མཐུན་སྒྲིལ་ཐུབ་པའི་རི་འགོག་གི་སྟོབས་ཤུགས་མཐའ་དག་དང་མཐུན་སྒྲིལ་བྱས་ནས་མི་རིགས་ཡོངས་ཀྱི་རི་འགོག་གི་སྲ་ཞིང་བརྟན་པའི་ལྕགས་རི་རིང་པོ་ཞིག་བསྐྲུན་ཡོད། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རྒྱལ་གཅེས་རིང་ལུགས་མཐའ་འཁྱོངས། མཐུན་སྒྲིལ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས། ཡང་དག་པའི་སྲིད་ཇུས་ཐབས་ཇུས་མཐའ་འཁྱོངས་བཅས་བྱེད་དགོས་ལུགས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་པོར་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་ཚད་མཐོའི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ཇུས་ནུས་འདོན་རྒྱུར་དམིགས་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།