མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བའི་སྐོར་ཕུའུ་ཅིང་
ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་ནས། ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་རྒྱལ་ཁབ་ཀྱི་ཞི་ནའེ་གླིང་ཕྲན་ཕྱེད་ཙམ་དུ་ཆག་སྒོ་བྱུང་བའི་སྐོར་རྐྱེན་ལམ་དུ་ཤོར་བ་ཚོར་སྙིང་ཐག་པ་ནས་མྱ་ངན་ཞུས་པ་དང་། འདས་པོའི་ནང་མི་ཚོར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་གནང་བ་མ་ཟད། ཨུ་རུ་སུའི་མི་དམངས་ལ་སྡུག་བསྔལ་བྱུང་བའི་སྐབས་སུ། ཀྲུང་གོའི་མི་དམངས་ནི་བློ་བརྟན་འགྱུར་མེད་ཀྱིས་ཨུ་རུ་སུའི་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡིན་ཞེས་བསྟན་གནང་བ་རེད།
         ཉིན་དེར་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།