མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་09ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སིང་ཀ་ཕོར་སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་དང་གྲོས་མོལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་སིང་ཀ་ཕོར་ནི་དམིགས་བསལ་གྱི་གྲོགས་པོ་དང་རོགས་ཟླ་ཡིན་ཞིང་། ཀྲུང་གོ་དང་སིང་ཀ་ཕོར་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་བར་ཕྱིར་དྲན་བྱེད་སྐབས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་བ་དེ་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་འཆར་འགོད་མཐའ་འཁྱོངས་དང་། དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས། གསར་འབྱེད་གསར་གཏོད་མཐའ་འཁྱོངས་བཅས་བྱས་པ་ལས་བྱུང་ཡོད། ད་ཐེངས་འཚམས་འདྲི་བྱེད་རིང་ང་དང་ཙུང་ཐུང་ཁྲེན་ཆིང་ཡན་དང་ཙུང་ལི་ལི་ཞན་ལུང་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དུས་བསྟུན་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བའི་གནས་བབ་ཐོག་གཏན་འཁེལ་བྱ་རྒྱུའི་མོས་མཐུན་མཐའ་གཅིག་ཏུ་བྱས་པ་ཡིན། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་པ་མཐོ་བའི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡ་གླིང་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་གོ་སྐབས་བཟང་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡ་གླིང་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་དང་འཐབ་ཇུས་ཀྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡ་གླིང་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ལི་ཞན་ལུང་གིས་སིང་ཀ་ཕོར་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་སིང་ཀ་ཕོར་རྒྱལ་ཁབ་བཙུགས་ནས་ལོ་ངོ་50འཁོར་བ་དང་སིང་ཀ་ཕོར་དང་ཀྲུང་གོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་25འཁོར་བའི་མཚམས་སུ་སིང་ཀ་ཕོར་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་བར་དུས་རབས་གསར་པ་གཏོད་ངེས་ཡིན། སིང་ཀ་ཕོར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཉིད་སའི་གོ་ལ་དང་ས་ཁུལ་འཕེལ་རྒྱས་འགྲོ་བའི་མཐུན་རྐྱེན་དུ་བརྩི་གི་ཡོད་ཅེས་གསུངས་པ་རེད།