མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ངོགས་གཉིས་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་མ་དབྱིན་ཅིའུ་གཉིས་སིང་ཀ་ཕོར་རྒྱལ་ཁབ་ཏུ་
ཐེངས་དང་པོའི་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་07ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ངོགས་གཉིས་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་མ་དབྱིན་ཅིའུ་གཉིས་སིང་ཀ་ཕོར་རྒྱལ་ཁབ་ཏུ་
ཐེངས་དང་པོའི་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3སྟེང་། ངོགས་གཉིས་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་མ་དབྱིན་ཅིའུ་གཉིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཛོམས་གནང་བ་དང་། འདི་ནི་1949ལོ་ནས་བཟུང་། ངོགས་གཉིས་ཀྱི་འགོ་ཁྲིད་པ་ཐེངས་དང་པོར་མཇལ་འཛོམས་གནང་བ་ཡིན་པས། ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་རྡོ་རིང་རང་བཞིན་གྱི་མཚོན་དོན་ཡོད་པའི་དོན་ཆེན་ཞིག་ཡིན་པ་རེད།
         མཇལ་འཛོམས་གནང་བ་ལ་རྒྱལ་ཁབ་ཕྱི་ནང་གིས་དོ་སྣང་ཆེན་པོ་བྱས་ཡོད་པས། ངོགས་གཉིས་དང་། ཞང་ཀང་། ཨའོ་མོན། གཞན་ཕྱི་རྒྱལ་ཁབ་ཀྱི་གསར་འགོད་པ་620ལྷག་ཙམ་ཡུལ་དངོས་སུ་གསར་འགོད་བྱེད་པར་སླེབས་ཡོད་པ་རེད།

༄༅།།ངོགས་གཉིས་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་མ་དབྱིན་ཅིའུ་གཉིས་སིང་ཀ་ཕོར་རྒྱལ་ཁབ་ཏུ་
ཐེངས་དང་པོའི་མཇལ་འཛོམས་གནང་བ།