མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཏུར་མེན་སི་ཐན་ལ་གཏན་དུ་བར་གནས་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ་
ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་ཆེད་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེའར་ཏེ་
མུའུ་ཧ་མེ་ཏུའོ་ཕུའུ་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་13ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེའར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་གནང་སྟེ་ཏུར་མེན་སི་ཐན་ལ་གཏན་དུ་བར་གནས་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་ཏུར་མེན་སི་ཐན་གྱིས་གཏན་དུ་བར་གནས་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ་ནས་ལོ་20འཁོར་བར་རྟེན་འབྲེལ་གཟབ་རྒྱས་བྱེད་ཉེར་ཡོད་པའི་སྐབས་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ། ང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ལོ་20ལྷག་ཙམ་རིང་ཏུར་མེན་སི་ཐན་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བར་གནས་ཀྱི་རྩ་དོན་འཛིན་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་ནས་ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་ཏུར་རྒྱལ་ཁབ་གཉིས་པོ་ནི་ལྷག་བསམ་ཟོལ་མེད་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རོགས་རེས་བཅས་བྱེད་པའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ་མཉམ་ལས། འཐབ་ཇུས་གཞོགས་འདེགས་བཅས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སོང་ཡོད། ངས་ཀྲུང་ཏུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་བ་སྔར་ལས་ཡག་པ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  
215-12-09 2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30