མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོའི་དམག་
དཔུང་གི་ལས་དོན་ཚོགས་ཆུང་གིས་དམག་སྤྱོད་གནམ་གྲུར་བསྡད་དེ་མ་ལིར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་04ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོའི་དམག་དཔུང་གིས་ཟླ་6ཚེས་2ཉིན་ལས་དོན་ཚོགས་ཆུང་མཁའ་དམག་གི་གནམ་གྲུར་བསྡད་དེ་མ་ལིའི་ཅ་ཨའོ་ས་ཁུལ་དུ་བསྐྱོད་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་ཞུས་པ་དང་། འཇབ་རྒོལ་ཁྲོད་འཆི་རྨས་བྱུང་བའི་མི་སྣའི་རྗེས་འཇུག་དང་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས་པ། མཉམ་འབྲེལ་རྒྱལ་ཚོགས་མ་ལིའི་ཕྱོགས་མང་གི་ཕྱོགས་བསྡུས་བརྟན་ལྷིང་ཆེད་གཏོང་ཚོགས་པ་དང་མ་ལི་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ་བྱེད་ཐབས་ཏན་ཏིག་སྤྱད་ནས་ཞི་བདེ་སྲུང་སྐྱོང་གི་དཔུང་སྡེའི་བདེ་འཇགས་འགན་ལེན་བྱས་ཐོག་ཞི་བདེ་སྲུང་སྐྱོང་ལས་དོན་ནུས་ལྡན་ངང་སྒྲུབ་རྒྱུ་རེད།
         རྒྱལ་སྲུང་པུའི་ཞི་བདེ་སྲུང་སྐྱོང་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ལས་ཚབ་ཧྲའོ་ཅང་དམག་དཔོན་སུའུ་ཀོང་ཧུའེ་ཡིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་པ་དང་དེའི་ཁོངས་མི་ནི་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་དང་འགན་སྒྲུབ་དཔུང་སྡེའི་འབྲེལ་ཡོད་མི་སྣ་ལས་གྲུབ་ཡོད་པ་རེད།
         ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་མུ་མཐུད་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་། རྣམ་པ་མཐའ་དག་གི་འཇིགས་སྐུལ་རིང་ལུགས་ལ་བློ་རྩ་བརྟན་པོས་ངོ་རྒོལ། འཛམ་གླིང་ཞི་བདེར་བློ་རྩ་བརྟན་པོས་སྲུང་སྐྱོང་བཅས་བྱ་རྒྱུ་རེད།