མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་གྲངས་ཁྲི་8875.8ཡོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། 2015ལོར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་བསྡོམས་རྩིས་ཀྱིས་སྤྱི་བསྒྲགས་བྱས་པ་ལྟར་ན། 2015ལོའི་ཟླ་12ཚེས་31ཉིན་གྱི་བར་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་གྲངས་ཁྲི་8875.8ཡོད་ཅིང་། ལོ་གོང་མ་དང་བསྡུར་ན་ཏང་ཡོན་མི་གྲངས་ཁྲི་96.5དངོས་འཕར་བས་འཕར་ཚད་ནི་1.1%ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་མིག་སྔར་གཞི་རིམ་རྩ་འཛུགས་ཁྲི་441.3ཡོད་ཅིང་། ལོ་གོང་མ་ལས་ཁྲི་5.4འཕར་བས་འཕར་ཚད་ནི་1.2%ཡིན་ཞིང་། དེའི་ཁྲོད་དུ་གཞི་རིམ་ཏང་ཨུ་ཁྲི་21.3དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་27.6། ཀྲི་པུའུ་ཁྲི་392.4བཅས་ཡོད་པ་རེད།