མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་གི་《ཕ་རི་སིའི་གྲོས་ཆོད་》ཀྱི་ནུས་པ་དངོས་སུ་
ཐོན་པའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་ལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་ལ་འཕྲིན་ཡིག་སྤྲིངས་ཏེ་གནམ་གཤིས་འགྱུར་ལྡོག་གི་《ཕ་རི་སིའི་གྲོས་ཆོད་》ཀྱི་ནུས་པ་དངོས་སུ་ཐོན་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
          ཞིས་ཅིན་ཕིང་གིས་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཟླ་11ཚེས་4ཉིན་《ཕ་རི་སིའི་གྲོས་ཆོད་》ཀྱི་ནུས་པ་དངོས་སུ་ཐོན་ནས་ལོ་རྒྱུས་ཐོག་ཆོག་འཐུས་ཀྱི་ནུས་པ་མགྱོགས་ཤོས་ཐོན་པའི་རྒྱལ་སྤྱིའི་ཆིངས་ཡིག་གྲས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་2015ལོའི་ཟླ་12པར་《ཕ་རི་སིའི་གྲོས་ཆོད་》ལ་གྲོས་འཆམ་བྱུང་ཚུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་ཆོད་ཀྱི་ནུས་པ་གང་མགྱོགས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོས་འདི་ལོའི་ཟླ་4ཚེས་22ཉིན་《ཕ་རི་སིའི་གྲོས་ཆོད་》ལ་མིང་རྟགས་བཀོད་པ་དང་འབྲེལ་ཟླ་9ཚེས་3ཉིན་གྲོས་ཆོད་ལ་ཆོག་མཆན་སྤྲད་ཡོད། ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐེངས་དང་པོར་བཏོན་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གནད་དོན་གྱི་ཀྲུའུ་ཞིའི་གསལ་བསྒྲགས་ལ་སྐུལ་འདེད་བཏང་སྟེ་《ཕ་རི་སིའི་གྲོས་ཆོད་》ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་ཆེད། ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་《ཕ་རི་སིའི་གྲོས་ཆོད་》ཀྱིས་གོ་ལ་ཧྲིལ་པོས་མཉམ་ལས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དུས་མཚམས་གསར་པ་བསུས་ཡོད། ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བྱེད་ཐབས་ནུས་ལྡན་སྤྱད་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་མཚམས་རྗེས་མའི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་འཕེལ་རིམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཕྱོགས་ཁག་གིས་འབྲེལ་གཏུགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་གཉིས་ཁེ་དང་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་ལམ་སྲོལ་འཛུགས་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།