མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་སྨི་ཤེར་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་སྨི་ཤེར་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་སྨི་ཤེར་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་པེར་ཀྲེམ་གྱིས་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་ལ་གཞི་ཚུགས་ཏེ། ཕྱོགས་གཉིས་པོའི་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམས་བྱེད་དགོས། པེར་ཀྲེམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་གསར་འབྱེད་གསར་གཏོད་ལ་གཞི་ཚུགས་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རྨང་གཞི་ཟབ་པ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་། ནུས་རྒྱུ་གསར་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སོགས་གཙོ་གནད་དུ་བྱས་ནས་ལག་རྩལ་དང་ཞོར་ཐོན་རིན་ཐང་མཐོ་བའི་རྣམ་པ་གསར་པའི་མཉམ་ལས་ཧུར་ཐག་སྤེལ་ཏེ། མཉམ་འབྲེལ་གསར་གཏོད་དང་ཞིབ་སྤེལ་ལ་ཤུགས་སྣོན་རྒྱག་དགོས། པེར་ཀྲེམ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དང་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། པེར་ཀྲེམ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུའི་འདོད་བློར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན་ལ། པེར་ཀྲེམ་སྔ་ཙམ་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་གི་ཁོངས་མིར་འགྱུར་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། པེར་ཀྲེམ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཚོ་ཐོག་དང་སྐམ་སའི་མཉམ་འབྲེལ་བགྲོད་ལམ་ཆེ་མོ་དང་ཡོ་རོབ་ཁྱབ་ཁོངས་ཀྱི་ལྕགས་ལམ་དྲ་བ་སོགས་ཀྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་སྒོ་དབྱེ་གཉིས་ཕན་ལ་གཞི་ཚུགས་ཏེ། ཀྲུང་གོ་དང་པེར་ཀྲེམ་གྱིས་གཞུང་དྲང་དང་སྒོ་དབྱེའི་རྒྱལ་སྤྱིའི་ཚོང་དོན་མ་ལག་སྲུང་སྐྱོབ་བྱ་རྒྱུར་གཞོལ་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ཚད་གཞི་མཐོ་པོའི་ཐོག་ནས་ཡོ་རོབ་མནའ་འབྲེལ་ལ་མཐོང་ཆེན་བྱས་ཏེ། ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན། པེར་ཀྲེམ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་དུས་བཀག་ལྟར་《ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་རྒྱུའི་གྲོས་དོན་ཆོད་ཡིག་》གི་དོན་ཚན་བཅོ་ལྔ་པའི་འོས་འགན་གང་ལེགས་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། མུ་མཐུད་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
2016-10-19 2016-10-14