མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཚོགས་
འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་13ཉིན། 17:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཚོགས་
འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9དང་10ཉིན་ཀྲུང་དབྱང་དམག་ཨུད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁྲིད་སྟོན་དུ་བྱས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན། ཁྲིམས་སྐྱོང་ལ་བརྟེན་ནས་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁ་ཐོབ་པའི་འགན་ལེན་བྱ་རྒྱུར་དམ་བཟུང་བྱེད་པ་དང་ཕྱོགས་སྒྱུར་བསྐྱར་བཟོ་བྱེད་མགྱོགས་སུ་བཏང་ནས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྟོབས་ཆེན་ཞིག་ཧུར་ཐག་བསྐྲུན་ཐོག་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཞིས་ཅིན་ཕིང་གིས་དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་2013ལོའི་ཟླ་11པར་དམག་ཡོངས་ཀྱི་དམག་དོན་འཐབ་རྩོད་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་གྲ་སྒྲིག་ལས་དོན་ཚོགས་འདུའི་འཐུས་མི་དང་ཆེད་མངགས་མཇལ་འཕྲད་གནང་བ་རེད། འདི་ལོའི་ཟླ་9ཚེས་13ཉིན་ཀྲུང་དབྱང་དམག་ཨུད་ཀྱི་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེ་འཛུགས་པའི་ཚོགས་ཆེན་ལ་ཕེབས་ནས་ཝུའུ་ཧན་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་རྟེན་གཞི་དང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་5ལ་དམག་དར་གནང་བ་དང་བསླབ་སྟོན་བཀའ་སློབ་གནང་བ་རེད། ཞིས་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་གཞི་རིམ་དཔོན་དམག་གི་ཟས་གོས་བདེ་སྡུག་དང་འཚོ་བའི་སྐོར་ཐུགས་ལ་བཞག་ནས་དཔུང་སྡེར་བརྟག་ཞིབ་གནང་རིམ་བཞིན་ལེན་ཏུའེ་ཡི་ཉལ་ཁང་དང་། ཟ་ཁང་། སོ་ལྟ་ཁང་བཅས་སུ་ཕེབས་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གཞི་རིམ་གྱི་སེམས་ཁྲལ་སེལ་བ་དང་མི་སེམས་དྲོད་པར་བྱེད་པ་དང་དམག་མིའི་སེམས་རྣལ་ལ་ཕབ་པའི་བྱ་བ་མང་ཙམ་སྒྲུབ་དགོས་པའི་ནན་བཤད་གནང་གི་ཡོད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་རང་དམག་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གྱི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་མིག་གཟིགས་པ་དང་རང་དམག་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གྱིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་དུས་རིམ་ཁག་ནང་ལེགས་སྐྱེས་འགངས་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བར་ངེས་པར་དུ་རྒྱབ་ཕྱོགས་མཁོ་སྒྲུབ་སྟོབས་ཆེན་དགོས། རྒྱལ་སྤྱིའི་དམག་དོན་འགྲན་རྩོད་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་སྦྲགས་རྒྱལ་ཁབ་ཀྱི་ཁེ་ཕན་དང་དཔུང་སྡེའི་འགན་འཁྲི་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་བྱ་རྒྱུ་དེ་དམག་འཐབ་ཀྱི་རྒྱལ་ཕམ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་དུ་ཉིན་བཞིན་འགྱུར་བ་དང་འཐབ་ཇུས་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་སྟོབས་ཤུགས་གལ་ཆེན་དུ་ཉིན་བཞིན་གྱུར་ནས་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འཕེལ་རིམ་ཁྲོད་ཀྱི་འགན་འཁྲི་གལ་འགངས་ཆེ་བ་དང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། འཛམ་གླིང་གི་དཔུང་སྡེ་རྩེ་གྲ་སྐྲུན་པར་ངེས་པར་དུ་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ་དང་ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱི་བློ་མཐུན་ཚང་མས་ངེས་པར་དུ་བསམ་བློའི་ངོས་འཛིན་གོང་མཐོར་གཏོང་བ་དང་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་གྱི་འཐབ་ཇུས་འཆར་འགོད་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མཐའ་དག་དམག་རྒྱག་པའི་ཆེད་དུ་ཡིན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་དམག་རྒྱག་འགན་ལེན་བྱེད་པའི་རྩ་བའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་རྐྱེན་རྩ་ཞིབ་འཇུག་བྱེད་པ། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་ཇུས་གཞིའི་འཆར་འགོད་བཟོ་བ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་ཚོད་འཛིན་བྱེད་པའི་གཙོ་གནད་དང་དཀའ་གནད་དུས་ཚོད་དམ་འཛིན་ངང་ཐག་གཅོད་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་རིམ་ཁག་བཀོད་འདོམས་པས་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དམག་རྒྱག་གི་་བླང་བྱ་གཞིར་བཟུང་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་དགོས། རྒྱབ་ཕྱོགས་མཁོ་སྒྲུབ་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་བཏང་ནས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་སྟོབས་ཤུགས་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་བ། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། རང་དམག་གི་ཁྱད་ཆོས་ལྡན་པ་དང་དེང་རབས་དམག་དཔུང་འཛུགས་སྐྲུན་གྱི་ཆོས་ཉིད་དང་མཐུན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྩ་འཛུགས་དཔེ་དབྱིབས་དང་། ལམ་ལུགས་བཀོད་སྒྲིག འཁོར་རྒྱུག་བྱེད་སྟངས་བཅས་མགྱོགས་མྱུར་འཛུགས་དགོས། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཧུར་བསྲི་གྲོན་ཆུང་གི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནོར་ཤུགས་ཐོན་ཁུངས་གཅིག་སྡུད་ཐོག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་དཔུང་གི་རྒྱུ་ནོར་གཅིག་གྱུར་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་གསར་བརྗེ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་ཐབས་ལམ་གཙོ་བོར་བརྟེན་པ་དང་། ས་གནས་སྲིད་གཞུང་ལ་བརྟེན་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་འདྲེས་བཅས་བྱས་ནས་དམག་དམངས་མཉམ་འདྲེས་གསར་གཏོད་དཔེ་སྟོན་འདུ་འགོད་ཁག་གཅིག་བཏོད་དེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་འགན་ལེན་བྱེད་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དམག་ཡོངས་སུ་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ཏེ་རྒྱབ་ཕྱོགས་མཁོ་སྒྲུབ་ལས་ཀའི་ཁྲོད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྩ་བ་དམ་འཛིན་དང་དམག་དཔུང་གི་བླ་སྲོག་བཏོད་དེ་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཀུའོ་པོ་ཞུང་དང་ཞུས་ཚའེ་ཧོའུ་ཡི་ཤུགས་རྐྱེན་ངན་པ་ཕྱོགས་ཡོངས་ནས་གཙང་དག་དཔྱིས་ཕྱིན་པ་བཟོས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས་པའི་སློབ་གསོ་རྒྱག་དགོས། རྩ་འཛུགས་དམ་འཛིན་དང་ལམ་ལུགས་ནན་པོ་བསྲུངས་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ངང་སྤེལ་བ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ལས་ཀའི་ཁྱད་ཆོས་གཞིར་བཟུང་ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་ཏང་རྩ་འཛུགས་སྲ་ཞིང་བརྟན་པ་དང་ཉམས་སད་ཐེག་ཐུབ་པ་ཞིག་ཏུ་བསྐྲུན་དགོས། ཏང་སྲོལ་ལ་དམ་འཛིན་དང་ལྐོག་ཟ་རུལ་སུངས་ལ་ཆད་གཅོད་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱས་ནས་རྒྱ་ཆེའི་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་གཞུང་དང་སྒེར་དབྱེ་བ་གསལ་པོ་ཕྱེ་ནས་ཀུན་སྤྱོད་ཞུན་བརྡར་བྱས་ཏེ་དྲི་མས་མ་འགོས་པའི་མི་ཞིག་བྱེད་པ་དང་བྱ་བ་གཙང་མ་གཙང་རྐྱང་སྒྲུབ་པའི་སློབ་གསོ་རྒྱག་དགོས། དཔུང་ཁག་ལ་དམ་འཛིན་དང་བྱང་ཚད་མཐོ་རུ་བཏང་ནས་ལས་བྱེད་པ་འདེམས་སྤྱོད་ཡག་པོ་བྱེད་པ་དང་བྱང་ཚད་མཐོ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཤེས་ལྡན་པའི་དཔུང་ཁག་མགྱོགས་མྱུར་བཙུགས་ནས་རྒྱབ་ཕྱོགས་མཁོ་སྒྲུབ་དར་རྒྱས་དང་སྟོབས་ཆེར་གཏོང་ཆེད་ཤེས་ལྡན་པའི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད།
         མཇུག་ཏུ་ཞིས་ཅིན་ཕིང་གིས་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ལམ་ཚད་ཁྲོད་རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་ངེས་པར་དུ་མུ་མཐུད་འབད་འབུངས་དང་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ་རང་དམག་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་ཀའི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།