མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུ་དང་། ཨ་རི། ཝེ་ཐེ་ནམ། ཧྥི་ལི་ཕིན་སོགས་རྒྱལ་ཁབ་ཀྱི་གཙོ་བདག་
དང་ཁག་སོ་སོར་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན་གྲོང་ཁྱེར་ལི་མར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཨ་རིའི་ཙུང་ཐུང་ཨོ་པ་མ། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེང་ཏ་ཀོང་། ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེའར་ཐེ་བཅས་དང་ཁག་སོ་སོར་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནས་བཟུང་། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་《ཀྲུང་གོ་དང་ཨུ་རུ་སུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་སྲོལ་ཡིག་》ལ་མིང་རྟགས་བཀོད་ནས་ལོ་15འཁོར་བ་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པས་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། འཛམ་གླིང་ཞི་བདེ་དང་དྲང་བདེན་གྱི་སྟོབས་ཤུགས་ཆེ་རུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ལོ་གསར་པའི་ནང་མཐོ་རིམ་མི་སྣའི་འགྲོ་འོང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་དང་ཕན་ཚུན་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བསྐྲུན་རྒྱུ་དང་འབྲེལ་མཐུད་མཉམ་ལས་བྱེད་པ་དང་། སྨྱན་སྦྱོར་སྤེལ་རེས་ལོ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་བྱེད་སྒོ་ཡག་པོ་གཉེར་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་མ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨུ་རུ་སུ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་ཟབ་ཏུ་བཏང་སྟེ་པེ་ཅིང་གི་ཚོགས་འདུ་ཚུད་པའི་ཉེ་བའི་ལོ་ཤས་རིང་གི་ཚོགས་འདུའི་ཐོག་བྱུང་བའི་གལ་ཆེའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་མ་གཏིང་ཟབ་གཏོང་བ། གྲོང་ཁྱེར་ལི་མའི་ཚོགས་འདུ་ལེགས་འགྲུབ་ཡོང་བར་སྐུལ་མ་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་སྐབས་ཞིས་ཅིན་ཕིང་གིས་ཨོ་པ་མས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་གནང་བར་དགེ་མཚན་ལྡན་པའི་གདེང་འཇོག་གནང་ཞིང་། ཁོང་གིས་ད་རེས་ནི་ལོ་འདིའི་ནང་ང་ཚོ་མཇལ་འཛོམས་བྱེད་ཐེངས་གསུམ་པ་དེ་ཡིན་ལ། ལོ་གསུམ་ལྷག་ཙམ་རིང་གི་མཇལ་འཛོམས་བྱེད་ཐེངས་དགུ་པ་དེའང་ཡིན། ང་ཚོས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་ཀྱི་རང་བཞིན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་ཐེངས་མང་བྱས་ཏེ་ཐུན་མོང་གི་ངོས་འཛིན་གྲུབ་པ་དང་ལྷག་པར་དུ་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་འབྲེལ་བ་གསར་པ་འཛུགས་རྒྱུའི་ཐག་བཅད་པ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཁྲིད་སྟོན་བྱ་རྒྱུར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ལོ་གསུམ་ལྷག་ཙམ་རིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ཀྱི་ཉམས་མྱོང་མདོར་བསྡུས་ན་གཤམ་གསལ་ཏེ། གཅིག་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་ཡག་པོ་བྱེད་པར་མཉམ་ལས་ནི་ཕྱོགས་གཉིས་པོའི་ཡང་དག་པའི་གདམ་ག་འབའ་ཞིག་ཡིན་པ་དང་། གཉིས་ནི་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱས་ཏེ་གཉིས་ཁེ་དང་མང་ཁེ་ཡོང་བར་གཞོལ་ནས་རྒྱལ་ཁབ་གཉིས་པོར་ཕན་པ་བསྐྲུན་དགོས་ལ། འཛམ་གླིང་ལའང་ཕན་པ་བསྐྲུན་དགོས་པ། གསུམ་ནི་དགེ་མཚན་ལྡན་པའི་ངང་ཚོར་སྐྱེན་གནད་དོན་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། གོ་འཛོལ་མི་ཤོར་བ་བྱེད་པ། ཕན་ཚུན་བསམ་ཤེས་མང་ཙམ་བྱེད་པ་བཅས་བྱས་ཏེ་འགལ་ཟླ་ཛ་དྲག་ཏུ་མི་འགྲོ་བ་བྱེད་དགོས་པ་བཅས་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ནི་ས་འབྲེལ་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་ཐུན་མོང་གི་ཁེ་ཕན་མང་པོ་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་མཐོ་རིམ་མི་སྣའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། གྲོས་བསྡུར་བྱས་ཟིན་པའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དུས་ཐོག་ཏུ་བསམ་ཚུལ་བརྗེ་རེས་བྱེད་དགོས། ད་ཡོད་ཀྱི་མཉམ་ལས་ལམ་སྲོལ་ཡག་པོ་སྤྱད་དེ་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་། མངའ་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་རྣམ་གྲངས་ལ་སྐུལ་མ་མགྱོགས་མྱུར་གཏོང་བ། ཐོན་ནུས་མཉམ་ལས་ལ་ཕན་འབྲས་སྔ་ཙམ་ཐོན་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཕྱོགས་གཉིས་པོས་གྲོས་བསྡུར་དང་སྐད་ཆ་ཤོད་རེས་ལ་བརྟེན་ནས་རྩོད་གཞི་སེལ་དགོས་པ་དང་། རྩོད་གཞི་མཚམས་འཇོག་དང་ཐུན་མོང་གསར་སྤེལ་གྱི་མཉམ་ལས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་མཇལ་འཛོམས་གནང་སྐབས། ཙུང་ཐུང་ཏུའུ་ཐེའར་ཐེས་ཟླ་གོང་མར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ཕྱོགས་ཡོངས་ནས་ལེགས་སུ་སོང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་པ་དང་དེས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་དྲང་ནུས་ཤིག་བཏོན་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་ཐོག་གོམ་སྟབས་བརྟན་པོས་མདུན་ལ་བསྐྱོད་རྒྱུའི་འགན་ལེན་བྱས་ཏེ་མཛའ་གྲོགས་མཉམ་ལས་བྱ་རྒྱུ་མཐའ་འཁྱོངས་དང་། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམས་བྱ་རྒྱུ་མཐའ་འཁྱོངས། ཐུན་མོང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་བཏང་སྟེ་མཉམ་ལས་གྲུབ་འབྲས་དེ་བས་མང་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།