མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་སྐབས་དགུ་པའི་ལས་འཛིན་
ལྷན་ཚོགས་ཀྱི་འཐུས་མི་ཡོངས་དང་། ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་
དང་ཐའོ་ཧྥེན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་09ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་སྐབས་དགུ་པའི་ལས་འཛིན་
ལྷན་ཚོགས་ཀྱི་འཐུས་མི་ཡོངས་དང་། ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་
དང་ཐའོ་ཧྥེན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་བཅུ་བདུན་པ་འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་དང་ཐའོ་ཧྥེན་བྱ་དགའ་སྤྲོད་པའི་ཚོགས་འདུ་དེ་ཚེས་7ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཡོངས་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་ནི་རྒྱལ་སྲིད་སྐྱོང་ལུགས་སྐོར་དང་། རྒྱལ་ཁབ་བརྟན་ལྷིང་། མི་དམངས་བདེ་འཁོད་བཅས་ཀྱི་དོན་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད། དེར་བརྟེན་ཚང་མས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་རིམ་ཁག་སྨྱན་སྦྱོར་ཚན་པ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་པོ་ཡོང་བ་བྱས་ནས་ཏང་དང་མི་དམངས་ལ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུ་དང་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་མཇལ་འཕྲད་གནང་སྐབས་ཕེབས་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ་ཞིས་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་ནས་འཐུས་མི་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་བ་དང་འབྲེལ་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། འཐུས་མི་རྣམ་པ་དང་རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས་ད་རེས་ཀྱི་ཚོགས་འདུ་དེ་མཐུན་སྒྲིལ་འབད་འབུངས་ཀྱི་ཚོགས་འདུ་ཞིག་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་འདུ་ཞིག་ཏུ་འཚོགས་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ལས་དོན་ལ་སྐུལ་འདེད་བཅས་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་ཁྲོད་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ཕྱོགས་དེ་ཏང་དང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། དུས་རབས་དང་མཉམ་དུ་ཡར་ཐོན་ཡོང་བ་བྱས་ནས་ཏང་གི་བཞེད་དགོངས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། མང་ཚོགས་ཀྱི་འབོད་སྒྲ་གང་ལེགས་མཚོན་པར་བྱེད་པ། ཐབས་ཇུས་ཀྱི་བརྟག་ཞིབ་རང་འགུལ་ངང་བྱེད་པ་བཅས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་མངོན་གསལ་དོད་པོའི་སྒོ་ནས་དྲིལ་བསྒྲགས་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་པར་བྱེད་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་མཐུན་སྒྲིལ་འབད་འབུངས་ཀྱི་བསམ་བློའི་ཉམས་འགྱུར་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་ཁྱབ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་ཡིད་ཆེས་དང་སྟོབས་ཤུགས་ཆེ་རུ་ནུས་ལྡན་བཏང་ཡོད། རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་ཡར་བརྩོན་གྱིས་བློ་གྲོས་དང་རྔུལ་ཆུ་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོར་བླང་བྱ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པ་དང་། གཉིས་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འབད་འཐབ་དང་དེར་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་འདོན་པ་བཅས་ཀྱི་ཐོག་ནས་དུས་རབས་ཀྱི་སྣེ་ཁྲིད་བྱེད་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པ། གསུམ་ནས་ཡང་དག་པའི་གསར་འགྱུར་གྱི་འདུན་པ་མཐའ་འཁྱོངས་བྱས་ཏེ་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་བྱེད་པ། རྒྱུན་ཆད་མེད་པར་རང་ངོས་མཐོར་གཏོང་དང་རང་ངོས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ལས་སྒོ་བྱང་ཆུབ་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པ། བཞི་ནས་ཡང་དག་པའི་ལས་ཀའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་དམངས་ལྟེ་བར་བྱེད་པ་དང་། མི་དམངས་དང་སེམས་པ་གཅིག་དུ་སྦྲེལ་བ། མི་དམངས་ལ་བསྟོད་གླུ་ལེན་པ། ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་རིགས་ཀྱི་ཀུན་སྤྱོད་བརྟན་སྲུང་བྱེད་པ། ལས་དོན་ཧུར་ཐག་སྒྲུབ་པ། ལེགས་སྐྱེས་འབུལ་ཕོད་པ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས་པ། མདོར་བསྡུས་ན། ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གསར་འགྱུར་ལས་དོན་པ་ཞིག་བྱ་རྒྱུ་དེ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ནི་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་ཚོགས་པ་ཞིག་དང་། ཏང་དང་སྲིད་གཞུང་གིས་གསར་འགྱུར་ལས་རིགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཞིག་རེད་ཅེས་མཛུབ་སྟོན་གནང་བ་དང་། ཁོང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ལ་ཡང་འབད་བསྐྱར་འབད་བྱས་ཏེ་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་མཐའ་འཁྱོངས་དང་ཆེ་རུ་བཏང་ནས་རྒྱ་ཆེའི་གསར་འགྱུར་ལས་དོན་པ་སྔར་བས་གཅིག་སྡུད་བྱས་ནས“གསར་འགོད་པའི་ཁྱིམ་གཞིས”ཤིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་མ་ཟད་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་ཞུགས་བློ་མཐུན་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་དེ་ཐོག་ནས་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་། གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་བཏོན་པ་མ་ཟད་རེ་བ་ཟབ་མོ་ཡང་གནང་གི་ཡོད་པ་དང་། ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ཕྱོགས་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་པས། ང་ཚོས་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།