མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་བྱ་སྤྱོད་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་གསར་སྐྱེལ་
འདྲེན་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྕགས་ལམ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོའི་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་དམིགས་ཚད་འགན་ལེན་བྱ་ཆེད་ཟླ་12ཚེས་16ཉིན་ནས་དཔྱིད་གསར་སྐྱེལ་འདྲེན་མཇུག་མ་འགྲིལ་བར་རྒྱལ་ཡོངས་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་བྱ་སྤྱོད་སྤེལ་ཏེ་བབས་ཚུགས་ཀྱི་བདེ་འཇགས་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུ་རེད། ལྕགས་ལམ་སྤྱི་བདེ་ཅུས་ཀྱིས་རིམ་ཁག་ལྕགས་ལམ་སྤྱི་བདེ་ལས་ཁུངས་ལ་གསང་འཕྲིན་ཉེན་ཟོན་ཉེན་བརྡ་བརྡར་གཅོད་དང་དུས་ཐོག་ཐག་གཅོད་ལས་ཀའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་གཏོར་སྐྱོན་དང་། རྐུ་འཕྲོག རྐུ་རྒྱག་བཅས་ཀྱི“རྐུ་འཕྲོག་བསླུ་གསུམ”དང་བབས་ཚུགས་ཀྱི་གོ་རིམ་གཏོར་བཤིག་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁྲིམས་ཆད་ཕོག་མྱོང་བའི་མི་སྣར་སྟབས་བསྟུན་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྟངས་འཛིན་དོ་དམ་བྱེད་ཐབས་འཕྲལ་མར་སྤྱོད་དགོས་པ་དང་། མེ་འཁོར་བདེ་འཇགས་ལ་གནོད་འཚེ་བཟོ་བའི་གྱོད་གཞིར་དམིགས་ཏེ་གྱོད་གཞིར་མིང་སྦྱར་སྒྲུབ་རྒྱུར་ལྟ་སྐུལ་དང་སྡེ་ཚན་ཁག་གིས་གོམ་སྟབས་གཅིག་མཚུངས་ངང་གྱོད་གཞི་ཐག་གཅོད་བྱེད་པ་དང་། མཉམ་འགུལ་བྱ་སྤྱོད་སྤེལ་བ། འགག་སྒྲོལ་དམག་འཐབ་རྒྱག་པ་བཅས་ལ་ལེགས་སྒྲིག་བྱེད་དགོས་པ། ཐོན་པའི་རྐུ་རྒྱག་དང་། འཕྲོག་བཅོམ། ཁ་བསླུས་བཅས་ཀྱི་གྱོད་གཞིར་དམིགས་ཏེ་ས་གནས་ཁག་གི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་རྒྱུ་ནོར་ཧམ་བཟུང་གྱོད་གཞིར་སྟབས་བསྟུན་དབྱེ་ཞིབ་དང་བརྡར་གཅོད་གཏིང་ཟབ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ“ལྕགས་ཁྲ”ཡན་ལག་རུ་ཁག་བབས་ཚུགས་དང་མེ་འཁོར་གལ་ཆེན་སར་རྗེས་སྙེགས་རྡུང་རྡེག་གཏོང་རྒྱུར་སྒྲིག་འཛུགས་བྱས་ཏེ་འཁྱམས་མྱུལ་ཉེས་ཅན་པའི་བྱེད་སྤྱོད་འཁོར་རྒྱ་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  
2016-12-01 2016-11-30