མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་ཏུན་ཏེ་འཁྱགས་རོམ་ནས་འཁྱགས་
སྙིང་བདེ་བླག་ངང་བླངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཉེ་དུས་མཚོ་བོད་ས་མཐོའི་ཏུན་ཏེ་འཁྱགས་རོམ་ནས་སྤྱིའི་རིང་ཚད་ལ་སྨི་400ཙམ་ཡོད་པའི་འཁྱགས་སྙིང་གསུམ་བླངས་ཡོད་པ་རེད། མིག་སྔར་འཁྱགས་སྙིང་དེ་དག་ལྷ་སར་ཞིབ་འཇུག་བྱ་རྒྱུར་བསྐྱལ་ནས་གནམ་གཤིས་འགྱུར་ལྡོག་འགྲོ་བར་ཞིབ་འཇུག་བྱེད་པའི་ཐད་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།
          ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་དང་མཚོ་བོད་ས་མཐོའི་སའི་གོ་ལའི་ཚན་རིག་ཕུལ་བྱུང་གསར་གཏོད་ལྟེ་གནས་ཀྱི་ཡོན་ཧྲི་ཡའོ་ཐེན་ཏུང་གི་དཔྱད་གཞི་ཚོགས་ཆུང་གིས་ཉེ་དུས་ཏུན་ཏེ་འཁྱགས་རོམ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་འཁྱགས་སྙིང་བདེ་བླག་ངང་ལེན་པའི་ལས་དོན་སྒྲིག་འཛུགས་བྱས་པ་རེད།

  
2016-12-01 2016-11-30