མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་དགུའི་ཀྲུང་གོར་བཅའ་སྡོད་གཞུང་
ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་དགུའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ་རེད། ཁོང་ཚོ་ནི་ཀྲུང་གོར་བཅའ་སྡོད་ཨེ་ཅེབ་ཀྱི་གཞུང་ཚབ་ཆེ་མོ་བ་མ་ཀེ་ཏུའུ་པུའུ་དང་། ཀྲུང་གོར་བཅའ་སྡོད་ན་སྨི་པི་ཡའི་གཞུང་ཚབ་ཆེ་མོ་བ་ཁའེ་ཡ་མོ། ཀྲུང་གོར་བཅའ་སྡོད་པེ་ནི་ནའི་གཞུང་ཚབ་ཆེ་བ་མོ་ཨ་ཏུའོ་ཝུའེ་ལན་ཏེ། ཀྲུང་གོར་བཅའ་སྡོད་ཐུ་ནི་སིའི་གཞུང་ཚབ་ཆེ་མོ་བ་ཧ་ལི་ཏེ། ཀྲུང་གོར་བཅའ་སྡོད་ཡེ་མེན་གྱི་གཞུང་ཚབ་ཆེ་མོ་བ་མུའུ་ཧན་མུའུ་ཏེ། ཀྲུང་གོར་བཅའ་སྡོད་ཁུ་ཝེ་ཐེའི་གཞུང་ཚབ་ཆེ་མོ་བ་སའེ་སྨི་ཧེ། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་པའོ་ཏེར། ཀྲུང་གོར་བཅའ་སྡོད་ཁུ་པའི་གཞུང་ཚབ་ཆེ་མོ་བ་ལ་སྨི་ལུའེ་སི། ཀྲུང་གོར་བཅའ་སྡོད་པུར་ཀ་རི་ཡའི་གཞུང་ཚབ་ཆེ་མོ་བ་པོ་ལུའོ་ཀྲ་ནུའོ་ཕུའུ་བཅས་ཡིན་པ་རེད།
           ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་ཀྲུང་གོར་ལས་འགན་གསར་པ་འཁུར་བར་ཡོང་བར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་འགན་འཁྲི་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་ཁབ་ཁག་གི་གཞུང་ཚབ་པས་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཐུགས་རེ་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་འབྲེལ་བ་བཟང་པོར་གདེང་འཇོག་གང་ལེགས་གནང་ནས་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་མཐུན་དོན་གཉེར་གྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་གཞུང་ཚབ་རྣམ་པ་བརྒྱུད་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
           རྒྱལ་ཁབ་ཁག་གི་གཞུང་ཚབ་པས་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཞིས་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་བྱས་ཤིང་། གཞུང་ཚབ་པས་ཀྲུང་གོའི་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་གནས་བབ་དང་ནུས་པར་མཐོང་ཆེན་བྱས་ནས་ཀྲུང་གོའི་དབར་གྱི་དགེ་མཚན་ལྡན་པའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཧུར་ཐག་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད། གཞུང་ཚབ་པ་རྣམས་ཀྱིས་ཀྲུང་གོར་གཞུང་ཚབ་ལས་འགན་ཁུར་བར་གཟི་བརྗིད་ཀྱི་ཚོར་སྣང་ཆེན་པོ་སྐྱེ་གི་འདུག་ལ་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཁག་དང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  
2016-12-01 2016-11-30