མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པའི་ལས་གྲྭ་ཞིང་ཆེན་ཡོངས་ལ་སྐུལ་སྤེལ་
གྱི་དཔེ་སྟོན་ལག་བསྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་རང་རྒྱལ་གྱིས་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པ་དང་ཞིང་ཆེན་ཡོངས་ལ་སྐུལ་སྤེལ་གྱི་དཔེ་སྟོན་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཐོག་མར་ཞིང་ཆེན་དང་གྲོང་ཁྱེར་10རུ་སྤེལ་རྒྱུ་རེད། 2020ལོར་སླེབས་སྐབས་ཞིང་ཕན་ཆ་འཕྲིན་ཁང་གཞི་རྩའི་ཆར་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པར་བྱ་རྒྱུ་དང་། གྲོང་གསེབ་ཀྱི་ཆ་འཕྲིན་མྱུར་བགྲོད་ལམ་ཤར་བགྲོད་ཉམས་གསོ་ཡག་པོ་བྱ་རྒྱུ་རེད།
         ད་རེས་ཀྱི་དཔེ་སྟོན་ལས་གྲྭ་ནི་ཞིང་ཆེན་ཁག་གིས་རང་མོས་ངང་རེ་ཞུ་དང་འགྲན་རྩོད་རང་བཞིན་གྱི་འདེམས་སྒྲུག་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་དང་། ཞིང་ལས་པུའུ་ཡིས་ད་ལོར་ལིའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་། ཅང་སུའུ། ཀྲེ་ཅང་། ཅང་ཤིས། ཧོ་ནན། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་10རུ་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པའི་ལས་གྲྭ་ཞིང་ཆེན་ཡོངས་ལ་སྐུལ་སྤེལ་དང་དཔེ་སྟོན་བྱེད་པའི་ལས་དོན་སྤེལ་རྒྱུ་རེད།
         ཞིང་ལས་པུའུ་ཡིས་ཞིང་ཆེན་ཡོངས་ལ་སྐུལ་སྤེལ་དཔེ་སྟོན་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་དང་། གསར་གཏོད་བྱེད་ཤུགས་ཆེར་གཏོང་། ཞིང་ཕན་ཆ་འཕྲིན་ཁང་ཚད་གཞི་མཐོ་པོས་སྐྲུན་པ། གྲོང་ཚོ་རིམ་པའི་ཆ་འཕྲིན་པ་བསྐོ་འདེམས་ཀྱིས་གསོ་སྦྱོང་ནན་པོ་བྱེད་པ། ཞིང་ལས་སྤྱི་ཕན་རང་བཞིན་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཅན་ཞབས་ཞུའི་ཐོན་ཁུངས་ལེགས་བསྡུས་བསྡུ་ལེན་བྱེད་པ། ཞབས་ཞུའི་ཐོན་ཁུངས་ཀྱི་གཞི་གྲངས་ཅན་དང་དྲ་ཐོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། “སྲིད་གཞུང་དང་། གཉེར་སྐྱོང་ཚོང་པ། ཞབས་ཞུའི་ཚོང་པ”བཅས་གཞི་གསུམ་གཅིག་འདུས་ཀྱི་འཕེལ་རྒྱས་གཏོང་སྟངས་མུ་མཐུད་འཚོལ་ཞིབ་བྱེད་པ། ཚོང་ལས་ཅན་གྱི་རྒྱུན་སྲིང་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་གཏོང་བ། ཆ་འཕྲིན་ཐོན་ཁུངས་ལ་དམིགས་ནས་གཉེར་སྐྱོང་ཞབས་ཞུ་བྱེད་པ། ལག་རྩལ་གྱི་ཉེན་ཁ་དང་། གཉེར་སྐྱོང་གི་ཉེན་ཁ། བཅའ་ཁྲིམས་ཀྱི་ཉེན་ཁ་བཅས་ཚོད་འཛིན་ནུས་ལྡན་བཅས་བྱས་ནས་ཞིང་ཕན་ཆ་འཕྲིན་ཁང་གིས་ཞིང་པར་ཞབས་འདེགས་ཞུ་བའི་གཅིག་འཐུས་རྣམ་པའི་སྐར་ཁུང་དུ་བསྐྲུན་ཏེ། ཞིང་ཆེན་ཡོངས་ལ་སྐུལ་སྤེལ་དཔེ་སྟོན་གྱི་ལས་འགན་གཙོ་བོ་ཁག་ལ་ཕན་འབྲས་ངོ་མ་ཐོབ་པར་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།