མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་གསོན་ཤུགས་
སྔར་བས་འཕེལ་བ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་གསོན་ཤུགས་སྔར་བས་འཕེལ་བ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
      《བསམ་འཆར་》ནང་མིག་སྔའི་རང་རྒྱལ་གྱི་སྤྱི་ཚོགས་ཁྱབ་ཁོངས་སུ་གསར་དར་ལས་སྒོ་རྒྱུན་ཆད་མེད་པར་ཐོན་ནས་མ་འཇོག་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཞབས་ཞུ་བྱེད་ནུས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། འོན་ཀྱང་ལྷུག་གཏོང་ཆོག་འཐུས་མཐར་ཕྱིན་པ་མེད་པ་དང་། འདེགས་སྐྱོར་སྲིད་ཇུས་གནད་ལ་མི་འཁེལ་བ། ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། སྨན་བཅོས་དང་། རྒན་གསོ། སློབ་གསོ། རིག་གནས། ལུས་རྩལ་སོགས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་གསོན་ཤུགས་སྔར་བས་འཕེལ་ནས་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་བཏང་སྟེ་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་གི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ། མ་འཇོག་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། དཔལ་འབྱོར་གཞན་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཡོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།
     《བསམ་འཆར་》ནང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུ་དེ་གཙོ་རྐང་དུ་བྱས་ཏེ་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ་དང་། ཕན་འབྲས་ལྡན་པའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། རིམ་པ་མི་འདྲ་བ་དང་སྣ་མང་ཅན་གྱི་དགོས་མཁོ་སྐོང་རྒྱུ་བཅས་ལ་དམིགས་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། ཁེ་སྤོགས་དང་ཁེ་སྤོགས་མིན་པའི་རིགས་དབྱེའི་དོ་དམ་མཐའ་འཁྱོངས། “གཤམ་སྤྲོད་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་ཁ་ཕྱོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ལུགས་བསྟན་ཡོད། 《བསམ་འཆར་》ནང་ཕྱོགས་5ཡི་ཐད་ནས་ཞིབ་ཕྲའི་བཀོལ་སྤྱོད་ཆོག་པའི་སྲིད་ཇུས་བྱ་ཐབས་ཁག་37བཏོན་ཡོད།