མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་
འཛིན་གླེང་སྟེགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་རྒྱུ་མ་ཟད་གཙོ་སྐྱོང་
ཡང་གནང་རྒྱུ་རེད་ཅེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཕྱི་འབྲེལ་པུའུ་ཡིས་འཚོགས་པའི"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་ཀྱི་དབུ་འཛིན་གླེང་སྟེགས་སྐོར་གྱི་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱི་སྔོན་བརྡའི་ཚོགས་འདུའི་ཐོག"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་ཟླ་5ཚེས་14ཉིན་ནས་ཚེས་15ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་འགོ་ཚུགས་པའི་མཛད་སྒོར་ཞུགས་གནང་རྒྱུ་ཡིན་ལ། འགོ་ཁྲིད་པའི་གྲལ་སྒོར་འགོ་གཙོའི་ཚོགས་འདུ་ལ་སོགས་པའི་འབྲེལ་ཡོད་བྱེད་སྒོར་གཙོ་སྐྱོང་ཡང་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར། མིག་སྔར་རྒྱལ་ཁབ་28ཀྱི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ་གླེང་སྟེགས་སུ་ཞུགས་རྒྱུ་ཡིན་པ་ངོས་འཛིན་ངེས་གཏན་བྱས་པ་སྟེ། དེ་དག་ཏུ་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེང་ཁོ། ཆི་ལིའི་ཙུང་ཐུང་པཱ་ཆེ་ལའེ་ཐེ། ཇེ་ཁེ་ཡི་ཙུང་ཐུང་ཙེ་མན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ། ཧ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲར་པཱ་ཡེ་ཧྥུའུ། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ། ལོ་སི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང་། ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧ་ཏེ། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུའུ། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧའེ་ཨེར་མ་ལི་ཡ་མུའུ། ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མ་ལ་མ། ཀེ་རི་སེའི་ཙུང་ལི་ཆི་ཕུ་ལ་སི། ཧང་ག་རིའི་ཙུང་ལི་ཨོའུ་ཨེར་པན། དབྱི་ཐ་ལིའི་ཙུང་ལི་ཀྲེན་ཏི་ལུའོ་ཉི། མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨེར་བསྟན་པ་ཐེ། འབར་མའི་རྒྱལ་དོན་བློ་འདྲི་ཨང་ཧྲན་སུའུ་ཅི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ། ཕོ་ལན་གྱི་ཙུང་ལི་ཞེ་ཏེ་ཝོ། སེ་ཨེ་ཝེ་ཡའི་ཙུང་ལི་ཝུའུ་ཆི་ཆི། སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧོ་དབྱི། སི་རི་ལན་ཁའི་ཙུང་ལི་ཝེ་ཁེ་ལཱ་མ་ཞིན་ཧ་བཅས་འདུས་པ་རེད།