མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་དང་གྲོས་མོལ་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་སྤེལ། ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་དེ་བས་མང་བ་ཐོབ་པ་བྱ་རྒྱུའི་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ལ་བློ་སེམས་གཅིག་མཐུན་གྱི་རོགས་ཟླ་ཞིག་ཀྱང་ཡིན། ཝེ་ཐེ་ནམ་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་ཡོང་རྒྱུ་མཐའ་འཁྱོངས་ཐོག་ཉེ་པོ་དང། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་དུས་ཐོག་ཏུ་འབྲེལ་གཏུག་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཆེད་ཁ་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ལྷན་སོགས་ཀྱི་ལམ་སྲོལ་གང་ལེགས་སྤྱད་དེ་ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཟབ་ཏུ་བཏང་ནས་ས་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ཐོག་ནས་ཐོན་ནུས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མ་འཇོག ཚོང་དོན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རང་ངོས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཞབས་འདེགས་གང་ལེགས་ཞུ་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱ་ཆེ་རུ་བཏང་ནས་སློབ་གསོ་དང་། སྨན་བཅོས། གཞོན་ནུ། རིག་གནས་ཐོན་ལས་བཅས་ཀྱི་ཐད་མཉམ་ལས་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མཛའ་མཐུན་ཆེད་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། མཚོ་ཐོག་གི་མཉམ་ལས་ལ་སྐུལ་མ་བཏང་ནས་ཐུན་མོང་གི་ངོས་འཛིན་རིམ་བཞིན་ཆགས་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེ་རུ་གཏོང་བ་དང་དུས་མཚུངས་ཕྱོགས་གཉིས་དབར་གླེང་མོལ་བརྒྱུད་འགལ་བ་དོ་དམ་དང་ཚོད་འཛིན་ཡག་པོ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔའི་དུས་བབ་འོག་མི་རིང་བར་འཚོག་རྒྱུའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གྲུབ་པ་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་ཕྱིན་ནས་དཔལ་འབྱོར་གོ་ལ་ཧྲིལ་པོར་འགྱུར་རྒྱུའི་འཕེལ་རིམ་དེ་སྔར་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་རྒྱུ་རེད། ཝེ་ཐེ་ནམ་ནི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་དེ་གོ་སྐབས་སུ་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཁྲེན་ཏ་ཀོང་གིས་ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་སྦྲགས་ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པ་མ་ཟད། ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་ཡོང་བར་ཡང་ཕན་ཐོགས་ཡོད་ལ་ཝེ་ཐེ་ནམ་ཕྱི་འབྲེལ་གྱི་འགྱུར་མེད་གདམ་ག་དང་སྔོན་གཏན་འཁེལ་བའི་ཁ་ཕྱོགས་ཤིག་ཀྱང་རེད། ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་གྱི་མི་རིགས་བཅིངས་འགྲོལ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་ཝེ་ཐེ་ནམ་གྱི་ཏང་དང་། སྲིད་གཞུང། མི་དམངས་བཅས་ཀྱིས་བློ་ལ་བརྟན་པོར་བཅངས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ“ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས”དང“ལེགས་པ་བཞིའི་སྙིང་སྟོབས”གཞིར་བཟུང་ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འཚམས་འདྲི་རྒྱུན་འཁྱོངས་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་མཉམ་ལས་ལམ་སྲོལ་གྱི་ཕན་ནུས་འདོན་སྤེལ་དང་། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ཁོར་ཡུག རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། བདེ་འཇགས་སོགས་ཁྱབ་ཁོངས་དང“རྒྱུད་གཅིག་ལམ་གཅིག”སྐྲུན་རིང་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་གསར་བརྗེས་དང་། འཕེལ་རྒྱས། དབུལ་སྒྲོལ་བཅས་ཀྱི་བྱ་གཞག་ཁྲོད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། འགལ་བ་ཐག་གཅོད་འོས་འཚམ་བྱས་ནས་མཚོ་ཐོག་གི་མཉམ་ལས་ལ་མུ་མཐུད་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་གདེང་འཇོག་གང་ལེགས་བྱ་རྒྱུ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་ངང་འཚོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོས་ནུས་པ་དེ་བས་གལ་འགངས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།