མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཟིན་བྲིས་ཚོགས་ཆུང་གི་ཚོགས་
གཙོའི་འགན་བཞེས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་གྱི་ཆུ་ཚོད་16དང་སྐར་མ་30ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པས་མི་དམངས་ཚོགས་ཁང་ཆེ་མོའི་ཐོག་རིམ་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་གཏམ་བརྗོད་པ་ཐུའོ་ཀྲེན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཚོགས་ཆེན་བཅུ་དགུ་པ་གྲ་སྒྲིག་བྱས་ཚུལ་དང་ཚོགས་ཆེན་གྱི་གྲོས་རིམ་ངོ་སྤྲོད་བྱས་པ་རེད།
         ཐུའོ་ཀྲེན་གྱིས་ན་ནིང་ཟླ་10པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་《ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད་》ལ་གྲོས་ཐག་བཅད་རྗེས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཟིན་བྲིས་ལས་དོན་སྒྲུབ་འགོ་ཚུགས་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཟིན་བྲིས་ལས་དོན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲ་སྒྲིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཟིན་བྲིས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྙན་ཞུ་ཟིན་བྲིས་ཚོགས་ཆུང་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་གཙོའི་འགན་བཞེས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་ཁུར་བློ་མཐུན་དང་། ཆེད་ལས་མཁས་པ་དང་མཁས་དབང་བཅས་ཞུགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐད་ཀར་འགོ་ཁྲིད་འོག་ལས་དོན་སྤེལ་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་ཐེངས་མང་བྱས་པ་རེད།