མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒོ་མོ་འབྱེད་པའི་ཚོགས་འདུ་ཆེན་པོ། གདེང་ཚོད་ཀྱིས་ཁེངས་པའི་ཏང་ཆེན་པོ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཏང་གི་འཐུས་མི་ཚོགས་ཆེན་ཐོག“ཏང་གི་འཐུས་མིའི་བགྲོད་ལམ”བསྐྲུན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག་ཚོགས་ཆེན་བཅུ་དགུ་པའི་གོང་གི་གསར་འགྱུར་ལྟ་མང་ཤོས་སུ་གྱུར། “ཏང་གི་འཐུས་མིའི་བགྲོད་ལམ”གྱི་བཅར་འདྲིར་མིང་ཐོ་བཀོད་ནས་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པ་མང་བ་དང་ཐད་གཏོང་ལ་ལྟ་མཁན་མང་པོ་སྔ་ས་ནས་བརྙན་འཕྲིན་གྱི་མདུན་དུ་བསྒུགས་ནས་བསྡད་ཡོད། གླེང་ཕྱོགས་ཀྱིས་དོ་ཁུར་དེ་ལྟ་བུ་བྱེད་དོན་ནི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་ཐོག་མར“ཏང་གི་འཐུས་མིའི་བགྲོད་ལམ”བསྐྲུན་པ་ཞིག་དང་། ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་འཐུས་མི་དང་སྤེལ་རེས་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེད་ལ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྔར་བས་ཕྱི་གསལ་ནང་གསལ་དུ་འགྲོ་བའི་མཚོན་ཚུལ་ཞིག་ཡིན་པས་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེང་གི་འཛམ་གླིང་དུ་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་ལ་གདེང་ཚོད་ལྡན་ཡོད་ཅེ་ན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་གདེང་ཚོད་ཀྱི་གནས་ལུགས་ཆེ་ཤོས་ལྡན་ཡོད”ཅེས་གསུང་མྱོང་། དངོས་གནས“ཏང་གི་འཐུས་མིའི་བགྲོད་ལམ”དུ་འཐུས་མི་ཚོས་སྤོབས་སེམས་ཆེན་པོས་ངོ་སྤྲོད་བྱེད་རིང་ང་ཚོས་གདེང་ཚོད་མཐོང་བྱུང་ལ། “ཏང་གི་འཐུས་མིའི་བགྲོད་ལམ”དུ་འཐུས་མི་ཚོས་སྤྲོ་སེམས་འཁོལ་བའི་འཛུམ་མདངས་ལས་ང་ཚོས་གདེང་ཚོད་མཐོང་བྱུང་། “ཏང་གི་འཐུས་མིའི་བགྲོད་ལམ”དུ་འཐུས་མི་ཚོས་བློ་རྩ་བརྟན་པོས་ལན་འདེབས་པ་ལས་ང་ཚོས་གདེང་ཚོད་མཐོང་བྱུང་།
         “ཀྲུང་གོའི་ཚན་རྩལ་ལ་རྗེས་སུ་འབྲང་བ་ནས་མཉམ་བགྲོད་དང་དེ་ནས་སྣེ་ཁྲིད་དུ་གྱུར”པ་དང“སྤོ་བོ་ཁུར་པན་གྱིས་བོང་བུར་བཞོན་ནས་མའོ་ཀྲུའུ་ཞི་མཇལ་དུ་སོང་བ་དང་། ང་ནི་གནམ་གྲུར་བསྡད་ནས་པེ་ཅིང་དུ་བསྐྱོད་པ་ཡིན” “ང་ཚོར་སྔ་ན་མེད་པའི་བསྐལ་པ་བཟང་པོ་ཕྲད་ཡོད”ཅེས་པའི་འཐུས་མི་ཚོའི་སྙིང་གཏམ་ཟོལ་མེད་དག་ནི་བརྗོད་གཞི་ཆུང་ཆུང་རེ་ཡིན་ནའང་འདས་པའི་ལོ་5ཡི་རིང་གི་གྲུབ་འབྲས་དང་འཕོ་འགྱུར་མཚོན་གྱི་ཡོད། གྲུབ་འབྲས་དེ་དག་ནི་ཕྱོགས་ཡོངས་དང་གསར་འབྱེད་རང་བཞིན་ཞིག་ཡིན་ལ། འཕོ་འགྱུར་དེ་དག་ནི་གཏིང་ཟབ་པ་དང་རྩ་བའི་རང་བཞིན་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་སྐབས་གསར་པར་སླེབས་ཡོད།
         དུས་སྐབས་གསར་པའི་ཏང་གི་འཐུས་མི་ཚོགས་ཆེན་ལ་སྲོལ་གསར་གྱིས་ཁྱབ་ཅིང་། “ཏང་གི་འཐུས་མིའི་བགྲོད་ལམ”3དང་། གསར་འགོད་པའི་སྣེ་ལེན་ཚོགས་འདུ་6 མཉམ་སྡེབ་བཅར་འདྲི་8 འཐུས་མི་ཚོགས་པའི་སྒོ་འབྱེད་བགྲོ་གླེང་མང་པོ། སྔ་ན་མེད་པའི་སྒོ་འབྱེད་ཤུགས་དང་ཕྱི་གསལ་ནང་གསལ་བཅས་ལས་རང་རེའི་ཏང་སྔར་བས་ཕུན་སུམ་ཚོགས་པ་དང་། རང་རེའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་བ། རང་རེའི་ལམ་སྔར་བས་ཁོད་ཡངས་པ་བཅས་སུ་འགྱུར་བའི་ཐད་སྐྱེ་བོ་ཀུན་ལ་སྔར་བས་ཡིད་ཆེས་ཡོད་པར་གྱུར། ཞུས་ཅུན་གྱིས།