མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ"ཡི་
སྐོར་གྱི་མཉམ་སྡེབ་བཅར་འདྲི་གཉེར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།'གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ'ཡི་
སྐོར་གྱི་མཉམ་སྡེབ་བཅར་འདྲི་གཉེར་བ།

           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་གྱི་ཆུ་ཚོད་19:00ཐོག ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་མཉམ་སྡེབ་བཅར་འདྲི་ཐེངས་བཞི་པ་གཉེར་ཞིང་། ཚན་རིག་ལག་རྩལ་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་གཞོན་པ་ཝང་ཀྲི་ཀང་དང་། ཀྲུང་གོའི་ཚན་རིག་ཁང་གི་རྒྱུད་འཛིན་དང་འཚར་ལོངས་སྐྱེ་དངོས་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་ཆ་རྡུལ་རྒྱུད་ཁོངས་ཀྱི་སྐྱེ་དངོས་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞིའུ་ཅེ། ལཱང་ཁྲའོ་ཚོགས་པའི་དབུ་བཞུགས་ཚན་རིག་པ་དང་ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་རམས་པ་ཝང་ཨེན་ཏུང་། ཧྲའན་ཞི་ཞིང་ཆེན་ཨུ་ལྷན་ཚན་རིག་ལག་རྩལ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་འགོ་འཛིན་ལུའུ་ཅན་ཅུན། ནན་ཁྲང་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པ་ཅང་ཧྥེང་དབྱི་བཅས་ཀྱིས་གདན་ཞུས་ལྟར་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།