མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ལི་ཀྲན་ཧྲུའུ་མཚམས་སྦྱོར་མདོར་བསྡུས་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་26ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བློ་མཐུན་ལི་ཀྲན་ཧྲུའུ་མཚམས་སྦྱོར་མདོར་བསྡུས་བྱེད་པ།

          ལི་ཀྲན་ཧྲུའུ། ཕོ། རྒྱ་རིགས། 1950ལོའི་ཟླ་བརྒྱད་པར་འཁྲུངས། ཧོ་པེ་ཕིང་ཧྲན་ནས་ཡིན་པ། 1972ལོའི་ཟླ་བཅུ་གཉིས་པར་ལས་ཀར་ཞུགས། 1975ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧོ་པེ་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་གྱི་ཆབ་སྲིད་སློབ་གསོ་ཚན་ཁག་ནས་ཐོན། ལས་ཐོག་སློབ་ཆེན་གྱི་སློབ་རྒྱུས་དང་། མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ལྡན།
         ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་བཞིན་ཡོད།
         1971ལོ་ནས་1972ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ནོར་དོན་ཉོ་ཚོང་སློབ་གྲྭར་ཟོག་གོང་ཆེད་ལས་སློབ་སྦྱོང་གནང་།
         1972ལོ་ནས་1976ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ཚོང་དོན་ཅུས་གཞུང་ལས་ཁང་གི་ཀན་ཧྲེ་དང་ཀྲུའུ་རེན་གཞོན་པ་གནང་།
         1976ལོ་ནས་1983ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཨུད་གཞུང་ལས་ཁང་དཔྱད་གཞི་ཁོའི་ཡི་ཀན་ཧྲེ་དང་ཁོའོ་ཀྲང་གནང་། (དེའི་རིང་1980ལོ་ནས་1983ལོ་བར་ཧོ་པེ་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་ཆབ་སྲིད་དང་སློབ་གསོ་ཚན་ཁག་ཏུ་སློབ་སྦྱོང་གནང་།)
         1983ལོ་ནས་1985ལོ་བར་ཧོ་པེ་ཞིང་ཆེན་ཝུའུ་ཅེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གནང་།
         1985ལོ་ནས་1986ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གནང་།
         1986ལོ་ནས་1990ལོ་བར་གུང་གཞོན་སྡེ་ཚོགས་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་། (དེའི་རིང་1988ལོའི་ཟླ་གཉིས་པ་ནས་1988ལོའི་ཟླ་བརྒྱད་པ་བར་ཀྲུང་དབྱང་ཏང་གྱི་སློབ་གྲྭའི་ཏང་འཛུགས་སྐྱོང་རིགས་པའི་གཞུང་ལུགས་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)
         1990ལོ་ནས་1993ལོ་བར་ཧོ་པེ་ཞིང་ཆེན་ཁྲེང་ཏེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གནང་།
         1993ལོ་ནས་1997ལོ་བར་ཧོ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་གནང་། (1992ལོ་ནས་1994ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་དུ་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང་།)
         1997ལོ་ནས་1998ལོ་བར་ཧོ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གནང་།
         1998ལོ་ནས་2000ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གནང་།
         (1996ལོ་ནས་1998ལོ་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གླིང་ནོར་དོན་ཚོང་དོན་ཚན་ཁག་གི་ཚོང་ལས་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་ཚན་འཛིན་གྲྭར་སློབ་སྦྱོང་གནང་།)
         2000ལོ་ནས་2002ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་གནང་།
         2002ལོ་ནས་2002ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། ཤིས་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་།
         2002ལོ་ནས་2003ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཤིས་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་།
         2003ལོ་ནས་2004ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
         2004ལོ་ནས་2007ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གཞོན་པ་གནང་། (དེའི་རིང་2005ལོ་ནས་2007ལོ་བར་ཧའར་པིན་བཟོ་ལས་སློབ་ཆེན་མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་ཆེད་ལས་སུ་སློབ་སྦྱོང་གནང་ནས་མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ།)
         2007ལོ་ནས་2008ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲེང་ཀྲང་གནང་།
         2008ལོ་ནས་2010ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གནང་།
         2010ལོ་ནས་2012ལོ་བར་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།
         2012ལོ་ནས་2012ལོ་བར་ཀྲུང་དབྱང་གཞུང་དོན་ཐིང་གི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་ཀྲུའུ་རེན་གཞོན་པ་(པུའུ་ཀྲང་རིམ་པ་རྒན་པ།)དང་། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་།
         2012ལོ་ནས་2014ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་།
         2014ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་།
         2017ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་།
         སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་བཅས་གནང་།