མི་དམངས་དྲ་བ།

༄༅།།ཏང་ཡོན་གྱི་དཔེ་དེབ་ཆུང་ཆུང་སྤྲད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་
བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཏང་ཡོན་གྱི་དཔེ་དེབ་ཆུང་ཆུང་སྤྲད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་
བསྒྲགས་བྱས་པ།

         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་11ཚེས་21ཉིན། ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ཧང་ཐོའུ་གྲོང་རྡལ་གྱི་ཏང་ཡོན་གཞོན་ནུ་དང་བླངས་པས་དཔར་འགྲེམས་བྱས་པའི་《ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་གནད་བཏུས་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྲོལ་ཡིག་ཕྱོགས་བསྒྲིགས་》སོགས་ཏང་ཡོན་གྱི་དཔེ་དེབ་ཆུང་ཆུང་འཁྱེར་ནས་ཧྲི་ཕིང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་གྲོང་མིའི་འཐུས་མི་ཚོར་སློབ་སྦྱོང་བྱ་རྒྱུར་སྤྲད། ཉིན་ཤས་བསྟུད་མར་གྲོང་རྡལ་དེས་ཏང་ཡོན་གྱི་དཔེ་དེབ་ཆུང་ཆུང་དེ་པར་1600ལྷག་ཙམ་བརྒྱབ་ནས་གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མར་སྤྲད་དེ་སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་རེད།