མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལོ་སི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་དང་། ལོ་སིའི་ཙུང་ལི་ཐུང་ལུན་དང་དེ་བཞིན་
པུན་ཧྲེ་ན་ཁྱིམ་རྒྱུད་ཀྱི་མཛའ་གྲོགས་མི་སྣ་དང་ཁག་སོ་སོར་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་14ཉིན་ཝན་ཐེན་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་ལོ་སིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ལོའི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་ཡིན་པ་དང་། ཕུགས་བསམ་དད་སེམས་གཅིག་མཚུངས་ཡིན་པ། མདུན་ལམ་དང་ལས་དབང་གཅིག་ཏུ་སྦྲེལ་བ། ཐུན་མོང་གི་ཁེ་ཕན་ཆེ་བ། མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཆེ་བ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་དབར་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལོ་སི་དང་མཉམ་དུ“ཡུན་རིང་བརྟན་ལྷིང་དང་། ཁྱིམ་མཚེས་ཀྱི་མཛའ་གྲོགས། ཕན་ཚུན་ཡིད་ཆེས། ཕྱོགས་ཡོངས་ཀྱི་མཉམ་ལས”བཅས་ཀྱི་ཡིག་འབྲུ་བཅུ་དྲུག་ཡོད་པའི་མཛད་ཕྱོགས་དང“ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ”བཅས་ཀྱི་དགོངས་དོན་མུ་མཐུད་ལག་བསྟར་བྱེད་པ་དང་ད་ཐེངས་འཚམས་འདྲི་གནང་རིང་གི་ཀྲུང་ལོ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་དུས་སྐབས་གསར་པའི་ཀྲུང་ལོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་ལོའི་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ལོ་སིའི་རྒྱལ་ཚོགས་ཀྱིས་ཀྲུང་ལོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཐད་ལེགས་སྐྱེས་ཕུལ་བར་གདེང་འཇོག་གང་ལེགས་གནང་བ་དང་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ལོ་སིའི་རྒྱལ་ཚོགས་དབར་སྤེལ་རེས་མཉམ་ལས་བྱ་རྒྱུ་དེ་ཀྲུང་ལོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རེ་བར་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་མཐོ་རིམ་དབར་འགྲོ་འོང་བྱེད་པའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དང་ཁ་གཏད་སྒྲིག་གཞི་དང་ས་གནས་གྲོས་ཚོགས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྲིད་སྐྱོང་ལུགས་དང་། འཕེལ་རྒྱས་ཀྱི་འཆར་འགོད། ཁྲིམས་འཛུགས་ལས་ཀའི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་གཏིང་ཟབ་བྱས་ཏེ་ཕྱོགས་མང་པོའི་མཐུན་སྦྱོར་དང་གཞོགས་འདེགས་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འཆམ་མཐུན་གྱི་ཁྱིམ་མཚེས་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པར་སྒུལ་ཤུགས་གསར་པ་བསྣན་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་པ་ཉིར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ཀྲུང་གོའི་འབྲེལ་ཡོད་ཉམས་མྱོང་ངོ་སྤྲོད་གནང་བ་རེད།
       པ་ཉིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ལོ་སིར་འཚམས་འདྲིར་ཐེངས་དང་པོ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ལོ་ཀྲུང་མཉམ་ལས་བྱས་པ་དེས་ལོ་སིའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་སིའི་རྒྱལ་ཚོགས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་ཐེངས་འཚམས་འདྲི་གནང་རིང་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལོ་ཀྲུང་ཡུན་རིང་བརྟན་ལྷིང་ཡོང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ལོ་སིའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
       ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་14ཉིན་ཝན་ཐེན་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་ལོ་སིའི་ཙུང་ལི་ཐུང་ལུན་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ལོ་ནི་རི་ཆུ་གཅིག་ཏུ་སྦྲེལ་བའི་མཛའ་གྲོགས་ཟབ་པའི་ཁྱིམ་མཚེས་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དང་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ང་དང་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་གིས་དུས་བབ་གསར་པའི་འོག་ཀྲུང་ལོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ཀྲུང་ལོའི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་སིའི་དབར་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལོ་སིར་མཛའ་གྲོགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ལོ་སིའི་མི་དམངས་ལ་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་ལོ་ཕྱོགས་གཉིས་པོས་མུ་མཐུད་མཐོ་རིམ་དབར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ་དང་། འགོག་སྲུང་ལས་དོན་དང་ཁྲིམས་སྐྱོང་བདེ་འཇགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་མཛའ་གཅུགས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཚད་མཐོའི་ཕན་ཚུན་ཡིད་ཆེས་དང་། རོགས་རེས། གཉིས་ཕན་བཅས་ཀྱི་ཀྲུང་ལོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས། ཀྲུང་ལོ་མཉམ་ལས་བྱེད་པར་གསབ་རེས་རང་བཞིན་ཆེན་པོ་ལྡན་པས་ཕྱོགས་གཉིས་པོས་ཀྲུང་ལོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བརྟན་པོ་བཏང་སྟེ་ཀྲུང་ལོའི་ལྕགས་ལམ་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་ནུས་རྒྱུའི་ཐོན་ཁུངས་དང་། གློག་ཤུགས། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་བྱེད་ཁྱོན་ཆེ་བ་དང་གཏིང་ཟབ་ཚད་ཆེ་རུ་གཏོང་རྒྱུའི་འགན་ལེན་བྱས་ནས་སློབ་གསོ་དང་། སྨན་བཅོས། དབུལ་སྒྲོལ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཀྲུང་ལོའི་མཉམ་ལས་ཁྲོད་ནས་ཕན་པ་མང་ཙམ་ཐོབ་པ་དང་སྔ་ཙམ་ཕན་པ་ཐོབ་པ་བྱེད་དགོས། ཕྱོགས་མང་པོའི་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་བཏང་སྟེ་ཕན་ཚུན་སེམས་ཁུར་བྱེད་པའི་གནད་དོན་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་རེས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སིར་རྫ་ཆུ—མེ་ཀུང་གཙང་པོའི་མཉམ་ལས་ཀྱི་2018ལོའི་ཐུན་མོང་གི་ཀྲུའུ་ཞིའི་རྒྱལ་ཁབ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
       ཐུང་ལུན་གྱིས་བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་རླབས་ཆེའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ཐོབ་ངེས་ཡིན་ལ་དེས་ལོ་སི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལའང་སྐུལ་མ་ཆེན་པོ་ཐེབས་རྒྱུ་རེད། ལོ་སི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རྒྱུར་ཡུན་རིང་རེ་སྒུག་བྱས་ཡོད། ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་ཆེན་པོ་ཐེབས་རྒྱུའི་ཡིད་ཆེས་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ནས་ལོ་ཀྲུང་གི་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་སྲ་ཞིང་བརྟན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཝན་ཐེན་གྱི་གསོལ་མགྲོན་ཁང་དུ་ཕེབས་ནས་ལོ་སིའི་པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་མཛའ་གྲོགས་མི་སྣ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་དུས་ཡུན་ལོ་7སོང་རྗེས་སླར་ཡང་སློབ་གྲོགས་རྙིང་པ་དང་གྲོགས་པོ་རྙིང་པ་དང་མཉམ་འཛོམས་བྱུང་ནས་ཁྱེད་ཚོ་གཟུགས་པོ་བདེ་ཐང་དང་ཁྱིམ་ཚང་འཆམ་མཐུན་ཡོད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས། པུན་ཧྲེ་ནའི་ཁྱིམ་རྒྱུད་ནི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་གྲོགས་པོ་རྙིང་པ་ཡིན་པ་དང་། ལོ་དེ་དག་ནང་ཚང་མས་ལས་གནས་མི་འདྲ་བའི་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ཐད་ལེགས་སྐྱེས་ཕུལ་ཡོད། ཁྱེད་རྣམས་ཀྱིས་ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་བྱ་གཞག་ནང་མུ་མཐུད་ཞུགས་ནས་ཕ་ཚ་བུ་རྒྱུད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཤུལ་འཛིན་པར་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་པུན་ཧྲེ་ནའི་ཁྱིམ་རྒྱུད་དང་ཀྲུང་གོའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་གཏམ་རྒྱུད་ཞིག་ཏུ་གྱུར་བ་མ་ཟད། རྒྱལ་ཁབ་དབར་འདྲ་མཉམ་དང་བརྩེ་བ་ཟབ་པའི་དཔེ་མཚོན་དུ་གྱུར་ཡོད། ཁྱེད་ཚོས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ལོ་རྒྱུས་རྒྱུས་མངའ་ཡོད་པ་དང་། ད་ཆ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་བྱ་གཞག་ནང་ཐད་ཀར་ཞུགས་པ་པོ་ཡིན་པས་ཀྲུང་ལོའི་མཛའ་གྲོགས་ཕོ་ཉ་དང་སྦྲེལ་ཟམ་ཡང་ཡིན། ལོ་སི་ནི་ཀྲུང་གོའི་གྲོགས་པོ་བློས་ཐུབ་ཡིན། དེང་སྐབས་ཀྲུང་ལོའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་མཉམ་ལས་ཀྱི་བར་མཐོངས་དེ་བས་ཡངས་པོ་ཡོད། ངས་ད་ཐེངས་ལོ་སིར་འཚམས་འདྲི་བྱེད་པ་དང་ལོ་སིའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ལོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་གྲུབ་ཡོད། ང་ཚོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་ཀྱི་མཛའ་གྲོགས་ཟབ་པའི་འགྲོ་འོང་གི་སྲོལ་རྒྱུན་ལོ་རྒྱུས་ནམ་ཡང་བློར་བརྟན་པོ་ངེས་ནས་མུ་མཐུད་གཅིག་སེམས་གཅིག་གཏད་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཅས་བཏང་ནས་ཀྲུང་ལོའི་མཛའ་གྲོགས་བྱ་གཞག་ཆེད་སྟོབས་ཤུགས་ཟམ་མི་ཆད་པར་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་མི་རབས་རྗེས་མའི་གཞོན་ནུར་ཆེད་མངགས་མངགས་བཅོལ་གནང་ནས་གཞོན་ནུ་ནི་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རེ་བ་ཡིན་ལ། ཀྲུང་ལོའི་མཛའ་གྲོགས་བྱ་གཞག་གི་འབྱུང་འགྱུར་ཡང་ཡིན། ཁོང་ཚོས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་རྒྱུན་འཛིན་པ་དང་ཤུལ་འཛིན་པ་བྱས་ཏེ་ཀྲུང་ལོའི་འབྲེལ་བ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ནས་ཀྲུང་ལོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
          པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་མཛའ་གྲོགས་མི་སྣས་ཞི་ཅིན་ཕིང་མཇལ་སྐབས་སེམས་འགུལ་ཆེན་པོ་ཐེབས་པ་དང་སློབ་གྲོགས་རྙིང་པའི་ངོས་ནས་ང་ཚོས་ཀྲུང་གོའི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། ང་ཚོས་སྐུ་ཉིད་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་མཐོང་བྱུང་བས་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོགས་པོ་རྙིང་པར་ཐུགས་ཁུར་དེ་འདྲ་གནང་བ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ཆ་ང་ཚོའི་ནང་མི་ལས་གནས་མི་འདྲ་བའི་ཐོག་ལས་ཀ་བྱེད་ཀྱི་ཡོད་ཀྱང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བརྟན་པོ་ངེས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་ལོ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཕུལ་ཏེ་ཁྱེད་དང་ང་ཚོའི་དབར་གྱི་མཛའ་གྲོགས་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན། ཀྲུང་གོ་མི་དམངས་སྔ་ཙམ་རང་ཉིད་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།