མི་དམངས་དྲ་བ།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་རྣམ་པ་སྣ་ཚོགས་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་
དགོངས་དོན་དྲིལ་བསྒྲགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་རྣམ་པ་སྣ་ཚོགས་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་
དགོངས་དོན་དྲིལ་བསྒྲགས་བྱེད་པ།

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་ལེགས་པར་བྱེད་པ་དང་། གྲོང་མི་ཚོའི་རིག་གནས་ཀྱི་དགོས་འདུན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མིག་སྔར། ཟི་ལིང་གྲོང་ཁྱེར་ཁྲེན་པེ་ཆུས་ཀྱིས"ཚོགས་ཆེན་བཅུ་དགུ་པ་སྒྲོག་འགྲེལ་བྱས་ནས་སྙིང་དོན་གཙོ་བོ་དར་སྤེལ་གཏོང་དགོས"ཞེས་པའི་ཞབས་བྲོ་དབྱང་ཀོ་དང་སྒོར་བྲོ་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པ་གཉེར་ཞིང་། ཉིན་དེར་ཁྱོན་བསྡོམས་ཞབས་བྲོ་རུ་ཁག་21འགྲན་བསྡུར་ལ་ཞུགས་པ་རེད།
         ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་སྔར་ལས་ལྷག་པར་བྱ་ཆེད། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གིས"བསམ་བློ་གསར་པ་ལག་ལེན་མཐར་ཕྱིན་དང་། རྒྱང་བསྐྱོད་གསར་པ་བྱེད་འགོ་ཚུགས་པ"ཞེས་པ་བརྗོད་གཞི་གཙོ་བོར་བྱེད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྐོར་གྱི་ཤེས་བྱ་འགྲན་བསྡུར་གྱི་བྱེད་སྒོའང་སྤེལ་བ་རེད།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་རྣམ་པ་སྣ་ཚོགས་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་
དགོངས་དོན་དྲིལ་བསྒྲགས་བྱེད་པ།