མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་བཅས་སོ་སོ་གནས་ཡུལ་གྱི་འཐུས་
མི་ཚོགས་པའི་ནང་ཞུགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་ཁོང་གནས་ཡུལ་གྱི་ཅང་ཤིས་འཐུས་མི་ཚོགས་པའི་སར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
           འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ལི་ཀྲན་ཧྲུའུ་ཡིས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གང་ལེགས་མངོན་པ་དང་། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱི་རོལ་ཡུལ་དང་མཐུན་ལ་ཆ་ཚང་བ། མཐུན་སྒྲིལ་དང་ངར་ཤུགས་འཕེལ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞུན་བརྡར་མདུན་སྐྱོད་དང་ཧུར་བརྩོན་རྒྱལ་སྐྱོང་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་དེའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིག་ཆགས་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་ཕུགས་ཀྱི་དོན་སྙིང་དང་ཤུགས་རྐྱེན་ཟབ་མོ་ལྡན་པ་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཤིས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་། ཅང་ཤིས་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ཡུལ་དེར་རེ་བ་ཆེན་པོ་བཅོལ་ཡོད་ལ། ཅང་ཤིས་ཀྱི་ལས་དོན་ཐད་ལ་ཁ་ཕྱོགས་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པའི་མཛུབ་སྟོན་གྱི་བླང་བྱ་གལ་ཆེན་བཏོན་པ་དང་། དེ་ནི་ཅང་ཤིས་ཀྱི་ལས་དོན་གྱི་སྤྱིའི་བྱེད་ཕྱོགས་དང་སྤྱིའི་རྩ་འཛིན་ཞིག་ཡིན་པས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཏན་ཏན་ཏིག་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། ཅང་ཤིས་ནི་གསར་བརྗེའི་ཡུལ་ཞིག་དང་རེ་བས་ཁེངས་པའི་ཡུལ་ཞིག་ཡིན་པ་དེར་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ལྡན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཅང་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཅིན་ཀང་རི་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་ཡར་བརྩོན་བྱས་ཚེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དེ་ཅང་ཤིས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཁོང་གནས་ཡུལ་སི་ཁྲོན་གྱི་འཐུས་མི་ཚོགས་པའི་སར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
        འཐུས་མིའི་གཏམ་བཤད་གསན་རྗེས་དབང་དབྱང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ཡི་ནང་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་མང་ཚོགས་ལ་ཐོབ་པའི་དངོས་ཕན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་དང་རིམ་ཁག་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པའི་འབྲས་བུ་ཞིག་རེད། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འདས་ཟིན་པའི་ལས་དོན་ལ་ཕྱི་རོལ་ཡུལ་དང་མཐུན་ལ་ཆ་ཚང་བའི་སྒོ་ནས་ཕྱོགས་སྡོམ་གནང་བ་དང་འདི་ལོའི་ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོའི་སྒོ་ནས་བཀོད་སྒྲིག་གནང་བ་དེ་ནི་དམ་པ་དོན་གཉེར་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་དེར་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
        དབང་དབྱང་གིས་གྲུབ་འབྲས་དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད། འོན་ཀྱང་མདུན་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགལ་ཟླ་དང་། ཉེན་ཁ་དང་འགྲན་སློང་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་དགོས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ཏེ་རང་རྒྱལ་གྱི་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་དགོས། གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་རྒྱུ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་གོམས་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         དབང་དབྱང་གིས་སི་ཁྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། མུ་མཐུད་འབད་འབུངས་ཡར་བརྩོན་བྱེད་པ། བློ་རྩ་བརྟན་པོས་སྒྱུར་བཅོས་གསར་གཏོད་བྱེད་པ། “བརྟན་ལྷིང”གི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ། “ལེགས་པོའི”འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ། སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སླར་ཡང་སྐས་རིམ་གསར་པར་སླེབས་ཐབས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཁོང་གནས་ཡུལ་ཧོ་པེ་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
         ཝང་ཧུའུ་ཉིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་འཐུས་མི་ཚོ་དང་སྤེལ་རེས་ཡང་ཡང་གནང་བ་རེད། ཝང་ཧུའུ་ཉིང་གིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོན་པ་དང་འདི་ལོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་མཚོན་ཡོད་པས་སྙན་སྒྲོན་དེར་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
          ཝང་ཧུའུ་ཉིང་གིས་ཧོ་པེས་ཧོ་པེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་འཐབ་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་དཔལ་འབྱོར་སྟོབས་ཆེའི་ཞིང་ཆེན་དང་མཛེས་སྡུག་ལྡན་པའི་ཧོ་པེ་མགྱོགས་མྱུར་བསྐྲུན་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ། ཉེན་ཁ་ཆེན་པོར་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་དམ་པོ་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་དོན་འཁྱོལ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པ། གསར་གཏོད་འཕེལ་རྒྱས་དང་། ལྗང་མདོག་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་དངོས་དང་དམངས་སེམས་འདུ་འགོད་ཡག་པོ་གཉེར་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་རྒྱུན་འཁྱོངས་དང་འབད་འབུངས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་ཐོག་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་བཀོད་སྒྲིག་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ཐུགས་རེ་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅིས་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་གནས་ཡུལ་ཧེ་ལུང་ཅང་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་པ་དང་དཀའ་སྤྱད་སྙིང་རུས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ཕན་འབྲས་ཏན་ཏིག་ཐོབ་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           ཀྲའོ་ལེ་ཅིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་འཐུས་མི་ཚོ་དང་སྤེལ་རེས་གྲོས་བསྡུར་གནང་བ་རེད། ཀྲའོ་ལེ་ཅིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲུབ་འབྲས་ཕྱོགས་སྡོམ་བྱ་རྒྱུ་ཕྱི་རོལ་ཡུལ་དང་མཐུན་ཡོད་ལ་ཆ་ཚང་བ། དམིགས་ཚད་གཏན་འཁེལ་བྱ་རྒྱུ་ཏན་ཏིག་སྤྱོད་གོ་ཆོད་པ་བཅས་ཡོད་པས་དེ་ནི་སེམས་ནུས་གཅིག་སྒྲིལ་དང་འབད་བརྩོན་བྱེད་རྒྱུར་སྐུལ་མ་གཏོང་བའི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།
          ཀྲའོ་ལེ་ཅིས་ནན་བཤད་གནང་དོན། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེན་པོ་ཡོད་དགོས། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”ཟབ་ཏུ་བཏང་ནས་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཆེད་ལས་ཀྱི་སྙིང་སྟོབས་དང་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ལས་དོན་བསྒྲུབ་རྒྱུར་སྣེ་ཁྲིད་བྱེད་དགོས་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་བཙུགས་ནས“ལྐོག་སྲོལ”མེད་པ་བཟོ་བ་དང“ལྐོག་ཏུ་བཀོལ་སྤྱོད་བྱ་རྒྱུ”ནན་འགོག་བྱས་ཏེ་དྲང་བདེན་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས་པ། སྲིད་དོན་གཙང་སྐྱོང་བྱེད་པ་ལས་དཔལ་འབྱོར་བྱེད་སྒོར་ཐེ་ཇུས་བྱས་ནས་རང་ཉིད་དང་མི་གཞན་གྱི་ཆེད་དུ་སྒེར་ཕན་སྒྲུབ་མི་རུང་བ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་གཉེར་ལས་འགན་ཁུར་བའི་ལས་ཁུངས་ཡིན་པའི་སྒྲིག་ཨུད་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་བྱ་རྒྱུའི་འགན་འཁྲི་ལྷག་བསམ་ཟོལ་མེད་ངང་སྒྲུབ་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་འཕྲོད་ཐུབ་པ་དང་འཐབ་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས།
          ཀྲའོ་ལེ་ཅིས་ཧེ་ལུང་ཅང་ཞིང་ཆེན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཧེ་ལུང་ཅང་ཞིང་ཆེན་གྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད་འཕེལ་རྒྱས་གསར་པ་ཡོང་བའི་ཐུགས་རེ་གནང་བ་རེད།