མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"གྲུབ་འབྲས་ཐོབ་པ་ང་ལ་རག་ལས་པ་མིན"ཞེས་པའི་དོན་ནི་རྨང་གཞི་
བརྟན་པོ་འདིང་དགོས་པ་དང་། ཕུགས་ཡུན་གྱི་ཇུས་འགོད་བྱེད་དགོས་ཞེས་གསུངས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས'གྲུབ་འབྲས་ཐོབ་པ་ང་ལ་རག་ལས་པ་མིན'ཞེས་པའི་དོན་ནི་རྨང་གཞི་
བརྟན་པོ་འདིང་དགོས་པ་དང་། ཕུགས་ཡུན་གྱི་ཇུས་འགོད་བྱེད་དགོས་ཞེས་གསུངས།

         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུན་ཟླ་བུད་མེད་རྣམས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་རྟེན་འབྲེལ་ཞུས་པ།
         ཟླ་3ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་གནང་བ་རེད། ཉིན་དེ་ཏག་ཏག"གསུམ་བརྒྱད"རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་མོ་ཡིན་པས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་གནང་ནས་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་བྱེད་མི་སྣ། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་སྤུན་ཟླ་བུད་མེད་བཅས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་རྟེན་འབྲེལ་ཞུས་པ་རེད།
         ཞི་ཅིན་ཕིང་གིས"གྲུབ་འབྲས་ཐོབ་པ་ང་ལ་རག་ལས་པ་མིན"ཞེས་པའི་དོན་ནི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། ཕུགས་ཡུན་གྱི་ཇུས་འགོད་བྱེད་དགོས་ཞེས་པ་ཡིན་ཞེས་གསུངས་པ།
         ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པའི་སྐབས་སུ། ཞི་ཅིན་ཕིང་གིས“གྲུབ་འབྲས་ཐོབ་པ་ང་ལ་རག་ལས་པ་མིན”ཞེས་པ་ནི་སྒྱིད་ལུག་དང་ལེ་ལོ། འབད་བརྩོན་མི་བྱེད་པ་བཅས་མ་ཡིན་པར། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་བརྟན་པོ་འཛུགས་དགོས་ཤིང་། མི་དམངས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་། དངོས་ཕན་ཐོབ་པའི་དོན་དངོས་བསྒྲུབ་དགོས་ལ། མི་རབས་རྗེས་མར་རྩ་བ་བཙུགས་པ་དང་། རྨང་གཞི་བཏིང་བ། ཕུགས་ཡུན་ལ་ཕན་པ་བཅས་ཀྱི་དོན་བཟང་ཡང་བསྒྲུབ་དགོས་པ་དང་། གྲུབ་འབྲས་མངོན་གསལ་ཐོབ་པ་བྱེད་དགོས་ལ་མི་མངོན་པའི་གྲུབ་འབྲས་ཀྱང་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཁེ་ལས་ཀྱིས་བྱ་གཞག་གི་ཡང་རྩེར་འཛེགས་དགོས་ན། བློ་རྩེ་གཅིག་སྒྲིམ་གྱིས་བྱ་གཞག་གཙོ་བོ་བརྩོན་གཉེར་བྱེད་དགོས་ཞེས་གསུངས་པ། 
         ཞི་ཅིན་ཕིང་གིས་ཧྲན་ཏུང་འཐུས་མི་ཚོགས་པར་ལེགས་འགྲུབ་བྱུང་བའི་ཁེ་ལས་ཤིག་ཡིན་ཕྱིར། བྱ་གཞག་གི་ཡང་རྩེར་འཛེགས་དགོས་ན། ཚང་མས་བློ་བརྩེ་གཅིག་སྒྲིམ་གྱི་བྱ་གཞག་གཙོ་བོ་བརྩོན་གཉེར་བྱེད་པར་བརྟེན་དགོས། སྣོལ་སྡེབ་ལས་རིགས་ཀྱང་ཕན་ཚུན་སྤེལ་ཟླ་བྱེད་རེས་ཀྱིས་བྱ་གཞག་གཙོ་བོ་འཕེལ་རྒྱས་གཏོང་ཆེད་ཡིན་པ་ལས། མགོ་བདེ་ཁེ་གཉེར་བྱེད་པ་ཡིན་མི་རིང་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཁྱིམ་སྐྱོང་ལས་རིགས་ལེགས་གཉེར་ཡག་པོ་ཏན་ཏིག་བྱས་ནས་གཅེས་སེམས་ལྡན་པའི་འདུ་འགོད་ཞིག་ཏུ་གཉེར་སྐྱོང་བྱེད་དགོས་ཞེས་གསུངས་པ།
         ཧྲན་ཏུང་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོའི་མིག་སྔའི་འཕེལ་རྒྱས་དུས་རིམ་དུ་ཁྱིམ་སྐྱོང་ལས་རིགས་ཀྱིས་གྲོང་གསེབ་ཀྱི་གྲོང་ཁྱེར་དུ་ཡོང་བའི་ལས་གཉེར་མི་སྣའི་ལས་ཞུགས་ཀྱི་དགོས་མཁོ་བསྐངས་ཡོད་ལ། གྲོང་ཁྱེར་ཁྱིམ་ཚང་གི་བྱིས་གསོ་རྒན་གསོ་ཀྱི་དངོས་ཡོད་དགོས་མཁོ་ཡང་བསྐངས་ཡོད་ཅིང་། གཉིས་ཕན་མཉམ་རྒྱལ་གྱི་ལས་དོན་འདི་ལེགས་གཉེར་ཡག་པོ་ཏན་ཏིག་བྱས་ནས་གཅེས་སེམས་ལྡན་པའི་འདུ་འགོད་ཞིག་ཏུ་གཉེར་སྐྱོང་བྱ་དགོས་ཞེས་བསྟན་པ་རེད།
         ཞི་ཅིན་ཕིང་གིས་ཞིང་ལས་ནི་མདུན་ལམ་ཆེན་པོ་ལྡན་པའི་ཐོན་ལས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ།
         ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་གཅིག་ནས་ས་གནས་དེ་གའི་ཤེས་ལྡན་མི་སྣ་ཚོའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས་ཁོང་ཚོ་ཡུན་རིང་པོར་གྲོང་གསེབ་ཏུ་རྩ་བ་བཙུགས་པ་དང་། ཁྱད་པར་དུ་བསྒྱུར་བཅོས་སྒོ་འབྱེད་ཐོག་མའི་དུས་སྐབས་སུ་མ་གཞི་ནས་ནུས་པ་ཆེན་པོ་ལྡན་པའི་གཞི་རིམ་ཏང་གི་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ཁག་གཅིག་གིས་ལས་ལ་བརྩོན་ཞིང་ཕ་ཡུལ་ལ་དགའ་བ་དང་། ཡུལ་ཕྱོགས་ཤིག་ལ་བདེ་སྐྱིད་བསྐྲུན་ཏེ་ས་གནས་དེ་གར་གོང་དུ་འཕེལ་བར་སྐུལ་ཁྲིད་བྱས་ནས་ལེགས་སྐྱེལ་ཆེན་པོ་ཕུལ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གཞི་རིམ་ཏང་གི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོང་ཤིང་། ཧྲུའུ་ཅི་ཨང་དང་པོ་དང་སློབ་ཆེན་སློབ་མ་གྲོང་དཔོན། གྲོང་གསེབ་ལས་དོན་རུ་ཁག་སོགས་ཀྱི་རྣམ་པར་བརྟེན་ནས་གཞི་རིམ་ཏང་གི་རྩ་འཛུགས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ད་དུང་མ་འོངས་པར་ད་དུང་ཆེད་ལས་ཞིང་པ་དང་། སློབ་ཆེན་སློབ་མ་ནང་འདྲེན་བྱེད་པ་མ་ཟད་ཕྱི་རྒྱལ་ནས་ལོག་པའི་ཤེས་ལྡན་མི་སྣ་ཚོར་རང་འགུལ་ངང་ཕ་ཡུལ་དུ་ལོག་སྟེ་ཞིང་ལས་གཉེར་དུ་བཅུག་ནས་ཞིང་ལས་ནི་མདུན་ལམ་ཆེན་པོ་ལྡན་པའི་ཐོན་ལས་སུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད། 

【1】  【2】

༄༅།།ཞི་ཅིན་ཕིང་གིས'གྲུབ་འབྲས་ཐོབ་པ་ང་ལ་རག་ལས་པ་མིན'ཞེས་པའི་དོན་ནི་རྨང་གཞི་
བརྟན་པོ་འདིང་དགོས་པ་དང་། ཕུགས་ཡུན་གྱི་ཇུས་འགོད་བྱེད་དགོས་ཞེས་གསུངས།