མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ། ཞི་ཅིན་ཕིང་གིས་བཀའ་བཀོད་ལག་ཁྱེར་གནང་བ་དང་འབྲེལ་གོ་རྟགས་འཕར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་08ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་9ཚེས་6ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་གོ་རྟགས་འཕར་བའི་ཧྲང་ཅང་དམག་དཔོན་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

ཟླ་9ཚེས་6ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་གོ་རྟགས་འཕར་བའི་ཧྲང་ཅང་དམག་དཔོན་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་20ལ། གོ་རྟགས་སྤྲོད་པའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ད་ཐེངས་གོ་རྟགས་འཕར་བའི་ཧྲང་ཅང་དམག་དཔོན་ནི། ནུབ་རྒྱུད་དམག་འཐབ་ཁུལ་གྱི་སི་ལིང་ཡོན་དབང་ཧའེ་ཅང་དང་། དབུས་རྒྱུད་དམག་འཐབ་ཁུལ་གྱི་སི་ལིང་ཡོན་ལིན་ཤང་དབྱང་། མཚོ་དམག་གི་སི་ལིང་ཡོན་ཏུང་ཅུན། མཁའ་དམག་གི་སི་ལིང་ཡོན་ཁྲང་ཏིང་ཆིའུ། རྒྱལ་སྲུང་སློབ་ཆེན་གྱི་སློབ་སྤྱི་ཞུས་ཞུའེ་ཆང་བཅས་རེད།
     གོ་རྟགས་འཕར་བའི་ཧྲང་ཅང་དམག་དཔོན་5ཡིས་དམག་ཆས་ལེགས་པར་སྤྲས་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཀྲུའུ་ཞི་སྡིངས་ཆའི་ཐོག་བསྐྱོད་ཅིང་། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་བཀོད་ལག་ཁྱེར་གནང་ནས་རྟེན་འབྲེལ་ཞུས་པ་རེད། དཔུང་པར་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་དམག་དཔོན་5ཡིས་ཞི་ཅིན་ཕིང་དང་མཛད་སྒོར་ཞུགས་མཁན་བློ་མཐུན་ཚང་མར་གུས་འདུད་ཞུ་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     གོ་རྟགས་སྤྲོད་པའི་མཛད་སྒོ་སྐད་གསང་མཐོན་པོའི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་གོ་རྟགས་འཕར་བའི་ཧྲང་ཅང་དམག་དཔོན་དང་ལྷན་བཞུགས་སྐུ་པར་བསྒྲོན་པ་རེད།
     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥེང་ཧོ་དང་། ལི་ཙའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་ཚན་པ་ཆེ་ཁག་གི་འགོ་ཁྲིད་གཙོ་བོ་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"