མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་09ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཐ་ཇིག་སི་ཐན་ལ་རང་བཙན་ཐོབ་ནས་ལོ་ངོ་30འཁོར་གྲབས་ཡོད་པར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་མིག་སྔར། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱས་པ་དེ་ལས་ཆུ་ཚད་མཐོ་བའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་མངོན་པ་དང་། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་དམ་ཟབ་བྱས་པ་དེ་ལས་ཕྱར་བ་གྲུ་འདེགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མངོན་ཡོད་པས་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་ཡིད་རྟོན་རུང་བའི་རོགས་ཟླ་བཟང་པོ་ཞིག་རེད། སང་ལོ་ནི་ཀྲུང་གོ་དང་ཐ་ཇིག་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ནང་དོན་གྱིས་ཕྱུག་པའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་པ་དང་མི་བཤིག་རྡོ་རྗེ་ལྟར་གྱི་བདེ་འཇགས་གཅིག་མཐུན་འདུས་གྲུབ་བཏོད་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་མུ་མཐུད་གཙོ་རྐང་དུ་འཛིན་ནས་དཔལ་འབྱོར་ཚོང་དོན་དང་། ཕན་ཚུན་སྦྲེལ་མཐུད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཀྲུང་གོའི་ཁེ་ལས་ཐ་ཇིག་སི་ཐན་དུ་མ་འཇོག་ལས་དར་བྱེད་པར་འགྲོ་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད་ལ། ཐ་ཇིག་སི་ཐན་ཕྱོགས་ཀྱི་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐའ་མཚམས་འགག་སྒོའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཟོག་འདྲེན་ལམ་ཆེན་ཤར་གཏོང་ཐུབ་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ཀྱི་རིམས་འགོག་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྨན་བཅོས་གསོ་རིག་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཚུན་གྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལོ་ངོ་20འཁོར་བའི་དྲན་གསོའི་དབུ་ཚོགས་ཡག་པོ་གཉེར་རྒྱུ་མ་ཟད། དེ་གོ་སྐབས་སུ་བཟུང་ནས་ཁོངས་མིའི་རྒྱལ་ཁབ་དབར་མཐུན་སྒྲིལ་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འགོ་འཛུགས་ས་གསར་པའི་ཐོག་དེ་བས་ལེགས་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     ལ་ཧོ་མོང་གིས། ཐ་ཇིག་སི་ཐན་དང་ཀྲུང་གོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་རླབས་ཆེ་ཞིང་མཛའ་གྲོགས་ཟབ་པའི་ཀྲུང་གོས་དུས་ཡུན་རིང་པོའི་ནང་ཐ་ཇིག་སི་ཐན་ལ་སྒེར་སེམས་མེད་པར་ཟོལ་མེད་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་རིམས་འགོག་སྨན་ཁབ་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་ཐ་ཇིག་སི་ཐན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་བདེ་འཇགས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། ཐ་ཇིག་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ནང་དོན་གསར་པ་སྣོན་འདོད་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཐད་མུ་མཐུད་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཕྱོགས་གཉིས་པོས་ད་དུང་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ཐད་བསམ་འཆར་བརྗེ་རེས་གནང་བ་དང་། འཇིགས་རྒོལ་བདེ་འཇགས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་མོས་མཐུན་གནང་བ་རེད།

  
style="display:none;"