མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སིང་ཀ་ཕོ་རྒྱལ་ཁབ་ཀྱི་ཙུང་ལི་ལི་ཞན་ལུང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 17:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སིང་ཀ་ཕོ་རྒྱལ་ཁབ་ཀྱི་ཙུང་ལི་ལི་ཞན་ལུང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སིང་ཀ་ཕོ་རྒྱལ་ཁབ་ཀྱི་ཙུང་ལི་ལི་ཞན་ལུང་ལ་མཇལ་འཕྲད་གནང་ཞིང་། ཞིས་ཅིན་ཕིང་གིས་གསུངས་དོན། ཀྲུང་སིང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འཐབ་ཇུས་ཀྱི་རང་བཞིན་དང་། རྒྱང་ལྟའི་རང་བཞིན། དཔེ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཤུགས་ཆེན་ལྡན་ཞིང་། སྔ་ཕྱི་བར་གསུམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མདུན་དུ་སྐྱོད་བཞིན་ཡོད། ང་ཚོས་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་གཉིས་ཕན། ཕན་ཚུན་རོགས་རེས་བཅས་བྱེད་པའི་ཁ་ཕྱོགས་ཆེན་པོ་ངེས་པརདུ་དམ་པོ་འཛིན་པ་དང་། དུས་བསྟུན་མདུན་སྐྱོད་བྱས་ཏེ་མཉམ་ལས་ལས་དོན་དེ་སོ་སོ་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་དང་མཐུན་སྦྱོར་སྔར་ལས་ལེགས་པར་བྱས་ཐོག་གྲུབ་འབྲས་སྔར་ལས་མང་བ་འཐོབ་པར་བྱ་དགོས། ཕྱོགས་གཉིས་ཀས་ཕྱོགས་གཉིས་བར་གྱི་ཉོ་ཚོང་དང་། མ་དངུལ་འཇོག་པ། ཞབས་ཞུ་བཅས་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། མུ་མཐུད་ནས་སུའུ་ཀྲོའུ་བཟོ་ལས་གསར་སྤེལ་ཁུལ་དང་། ཐེན་ཅིང་སྣོད་བཅུད་གྲོང་ཁྱེར་འཛུགས་སྐྲུན་ཡག་པོ་བྱ་དགོས། དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་དང་། ཕན་ཚུན་འབྲེལ་གཏུག་སྤེལ་རེས་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་མཉམ་ལས་བྱེད་པའི་བརྗོད་བྱ་གཙོ་བོ་གསར་པ་ཞིག་ཡིན་ཞིང་། སྐུལ་སྤེལ་གང་མགྱོགས་བཏང་སྟེ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་སྤེལ་འགོ་འཛུགས་ས་མཐོ་ཞིང་ཆུ་ཚད་ཀྱང་མཐོ་བའི་མཉམ་ལས་སྟེགས་བུ་གསར་པ་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སང་ལོར་སིང་ཀ་ཕོ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པའི་རྒྱལ་ཁབ་ཡག་པོ་གནང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་པ་དང་།  སིང་ཀ་ཕོའི་ཕྱོགས་དང་མཉམ་དུ་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་དར་ཁུལ་དང་དུས་རབས་ཉེར་གཅིག་གི་མཚོ་ཐོག་དར་གོས་འགྲུལ་ལམ་འཛུཊ་སྐྲུན་བྱ་རྒྱུའི་གྲོས་འགོར་སྐུལ་སྤེལ་བཏང་ནས་ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་སྐྱིད་སྡུག་མཉམ་མྱོང་གི་ཐུན་མོང་ཚོགས་པ་སྔར་ལས་དམ་ཟབ་ཅིག་འཛུགས་སྐུན་བྱས་ནས་ས་ཁུལ་འདིར་ཞེ་བདེ་དང་། བརྟན་ལྷིང་།  དར་རྒྱས་གོང་འཕེལ་བཅས་ཡོང་བར་སྐུལ་སྤེལ་གཏོང་འདོད་ཡོད།