མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་བཟོ་ཚོང་སྤྱི་ཁྱབ་ཅུས་སུ་གཟིགས་ཞིབ་གནང་སྐབས་མང་ཚོགས་ཀྱིས་ལས་ལམ་
གསར་གཏོད་བྱེད་རྒྱུའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་བཟོ་ཚོང་སྤྱི་ཁྱབ་ཅུས་སུ་གཟིགས་ཞིབ་གནང་སྐབས་མང་ཚོགས་ཀྱིས་ལས་ལམ་
གསར་གཏོད་བྱེད་རྒྱུའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་སུ་ཕེབས་པ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།
         ཁེ་ལས་ཐོ་འགོད་ཅུས་སུ་ལི་ཁེ་ཆང་གིས་ལས་དོན་གྲོས་མོལ་ལམ་ལུགས་བསྒྱུར་བཅོས་དང་དེ་བཞིན་གསར་འཛུགས་ཁེ་ལས་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་ཕྲན་གོང་དུ་སྤེལ་བའི་གནས་ཚུལ་སྙན་སེང་ཞུས་པ་གསན་རྗེས། ཁོང་གིས་བཟོ་ཚོང་སྡེ་ཁག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། དབང་ཆ་གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ་གྱི་བསྒྱུར་བཅོས་བྱེད་པའི་འཐབ་ཕྱོགས་དང་པོར་ལངས་ཡོད་པས།ཁྱེད་ཚོའི་ལས་དོན་གྱིས་འཕར་སྣོན་བརྟན་པོ་ཡོང་བ་དང་། གསར་གཏོད་ལ་སྐུལ་སྤེལ། ལས་ཞུགས་རྒྱ་སྐྱེད་བཅས་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་རེད། མིག་སྔར་ལས་དོན་གྲོས་མོལ་ལམ་ལུགས་བསྒྱུར་བཅོས་ད་དུང་བྱེད་བཞིན་པའི་སྒང་ཡིན་པ་དང་། ལས་ལམ་གསར་གཏོད་དང་གསར་སྐྲུན་བྱེད་པའི་ཐད་ད་དུང་འཆིང་སྒྲོག་མང་པོ་ཡོད་པས། རྒྱུན་མཐུད་ངང་ཤུགས་ཆེན་བརྒྱབ་སྟེ་ཚོང་རའི་གསོན་ཤུགས་དང་བསྒྱུར་བཅོས་ཀྱི་ཁེ་འབབ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་དུ་འཇུག་དགོས་ཞེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་བཟོ་ཚོང་སྤྱི་ཁྱབ་ཅུས་སུ་གཟིགས་ཞིབ་གནང་སྐབས་མང་ཚོགས་ཀྱིས་ལས་ལམ་
གསར་གཏོད་བྱེད་རྒྱུའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་བཤད་གནང་བ།