མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཀའོ་ལི་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་གྱི་སྔ་དྲོར་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་2015ལོའི་ལོ་ཚོགས་པེ་ཅིང་དུ་འཚོགས་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད། 
         ཀྲང་ཀའོ་ལི་ཡིས་ཀྲུང་གོའི་དཔལ་འབྱོར་གོང་དུ་འཕེལ་ཚུལ་རྒྱུན་རྣམ་གསར་པར་འཕེལ་བ་དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་དཔགས་བབ་བསྟུན་གནང་ནས་འཐབ་ཇུས་ཀྱི་དཔྱད་གཅོད་མཛད་པ་ཞིག་ཡིན། རྒྱུན་རྣམ་གསར་པའི་འོག་གི་ཀྲུང་གོར་འཕེལ་རྒྱས་གཏོང་བ་ནི་སྔར་བཞིན་གནད་དོན་མཐའ་དག་ཐག་གཅོད་བྱེད་རྒྱུའི་རྨང་གཞི་དང་གནད་འགག་ཡིན་པས། འཕེལ་རྒྱས་གཏོང་བ་ནི་འགྱུར་མེད་གནས་ལུགས་ཡིན་པ་འདི་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། འཕེལ་རྒྱས་གཏོང་རྒྱུ་ལས་འགན་གལ་ཆེན་དང་པོ་ཡིན་པ་འདི་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་སྔར་བཞིན་མདུན་ལམ་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གླགས་བཟང་དུས་སྐབས་སུ་གནས་པས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་སྒྱུར་གང་མགྱོགས་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བཟང་འགྱུར། འཕེལ་རྒྱས་སྤུས་ལེགས་དང་ཕན་འབྲས་ཇེ་ཆེར་ཐོབ་པ་བཅས་བྱས་ཏེ་དཔལ་འབྱོར་གོང་དུ་འཕེལ་རིང་དུ་རིམ་པ་འཕར་བ་དང་། རིམ་པ་འཕར་རིང་དུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་གནང་བ་རེད།

༄༅།།ཀྲང་ཀའོ་ལི་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།