མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།<<ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ>>ཞེས་པའི་དཔེ་དེབ་གོ་ལ་ཧྲིལ་པོར་
ཁྲི་400ལས་བརྒལ་བ་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་14ཉིན་ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ཚོགས་པའི་ཙུང་ཚའེ་གཞོན་པ་ལུའུ་ཚའེ་རུང་གིས་ལོན་ཏོན་གྱི་དཔེ་དེབ་འགྲེམས་སྟོན་ཐོག<<ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ>>ཞེས་པའི་དཔེ་དེབ་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་ཚད་ཁྲི་400ལས་བརྒལ་བའི་ནང་ཕྱི་རྒྱལ་དུ་ཁྲི་40འགྲེམས་སྤེལ་བྱས་པ་དེ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གསུང་རྩོམ་ཕྱི་རྒྱལ་དུ་འགྲེམས་སྤེལ་བྱེད་པའི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         <<ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ>>ཞེས་པའི་དཔེ་དེབ་དེའི་ཡིག་རིགས་མང་བའི་པར་གཞི་2014ལོའི་ཟླ་10པར་འཇར་མན་གྱི་ཧྥ་ལན་ཁེ་ཕུའུ་ཡི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་ཐེངས་དང་པོ་བཏོན་པ་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་སྣང་བྱས་པ་དང་འབྲེལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། རྒྱལ་ཁབ་མང་པོའི་འགན་བཞེས་བཞིན་པ་དང་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་ཟུར་པ་དང་དེ་བཞིན་ཀྲུང་གོའི་གནད་དོན་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་མང་པོས་དུས་ཚོད་དང་པོར་དཔེ་ཆའི་དཔྱད་གཏམ་དང་རྩོམ་ཡིག་བྲིས་ནས་ཚད་མཐོའི་གདེང་འཇོག་བྱས་པ་རེད།