མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་བཏོན་ནས་ལོ་30འཁོར་
བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་23ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་བཏོན་ནས་ལོ་30འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་ལ་ལོ་30རིང་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱ་རྒྱུའི་སྐོར་བླང་བྱ་གསལ་པོ་དང་ཐུགས་རེ་ནན་པོ་བཏོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་ནང་ལོ་30རིང་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཁྱབ་སྤེལ་གཏོང་བ་དང་། ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པ། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ནང་ནུས་པ་གལ་ཆེན་འདོན་པ་བཅས་བྱས་ཡོད་ཅེས་བསྟན་ཡོད། ཁོང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་ཀྱིས་པར་ངོས་དེ་ཉིད་བཏོན་ནས་ལོ་30འཁོར་བ་འགོ་འཛུགས་སར་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་། ལེགས་ཆ་འདོན་སྤེལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱེད་པ། ཕྱི་རྒྱལ་གྱི་ཀློག་པ་པོས་དང་ལེན་བྱེད་དགའ་བའི་བྱེད་སྟངས་དང་གོ་བ་ལེན་སླ་བའི་སྐད་ཆ་སྤྱོད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་གོའི་སྐད་སྒྲ་ཁྱབ་སྤེལ་ཡག་པོ་བཅས་བྱས་ནས་སྤོབས་བསྐྱེད་དོགས་སེལ་དང་སེམས་ནུས་གཅིག་སྒྲིལ་གྱི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་སོ་སོས་མཆན་བཀོད་མཛུབ་སྟོན་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཡང་དག་པའི་ཁྲིད་སྟོན་སྟངས་འཛིན། ནང་དོན་དང་རྣམ་པ་གསར་གཏོད། ཁྱད་ལྡན་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་རྒྱལ་སྤྱིའི་ཐོག་གི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ནུས་པ་ཁྱབ་སྤེལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི“གཏོང་ཡིག”དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི“ཁྱིམ་གཞིས”ལྟ་བུ་ཡིན་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་1985ལོར་གསར་དུ་བཏོན་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་དང་། སྒྱུར་བཅོས་སྒོ་དབྱེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ། ཀྲུང་ཕྱིའི་རིག་གནས་སྤེལ་རེས་མཉམ་ལས་ལ་ཞབས་འདེགས་ཞུ་རྒྱུ་བཅས་རང་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཁྱབ་སྤེལ་སྟེགས་བུ་སྐྲུན་པ། ཀྲུང་གོའི་འགྱུར་ལྡོག་མངོན་པ། ཀྲུང་གོའི་ལངས་ཕྱོགས་ཁྱབ་སྤེལ། ཀྲུང་ཧྭའི་རིག་གནས་དར་སྤེལ་བཅས་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་ཁྲི་6000དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་ཕྲུག་ཁྲི་500 རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཕྱི་རྒྱལ་བ་ཁྲི་7000བཅས་ལ“སྤུས་དག་དང་། གཏན་འཁེལ། ཉམས་ལྡན”བཅས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་པ་དང་། མིག་སྔར“ཚགས་པར་གཅིག་དང་། དྲ་བ་གཅིག དུད་སྣེ་གཅིག”བཅས་ཀྱི་ལངས་གཟུགས་ཅན་དང་། རྒྱལ་སྤྱི་ཅན། ཚོགས་དབྱེ་ཅན་བཅས་ཀྱི་ཁྱབ་སྤེལ་ཆགས་སྟངས་གྲུབ་ནས་ཚགས་པར་འགྲེམས་སྤེལ་བྱེད་ཚད་ངོ་གྲངས་ཁྲི་60ཟིན་པ་དེ་དག་རྒྱལ་ཁབ་དང་ས་ཁུལ་86ལ་ཁྱབ་པ་དང་། ཕྱི་རྒྱལ་དྲ་བར་ཕྱི་རྒྱལ་གྱི་རྒྱ་ཡིག་དྲ་ཚིགས་50ལྷག་ཙམ་བསྡུས་ཡོད་པ་དེ་དག་གི་ཉིན་རེའི་ཆ་སྙོམས་དྲ་ངོས་ལ་ལྟ་ཚད་ཁྲི་1300ཟིན་པ།“ཕྱི་རྒྱལ་གྱི་མཁོ་མཁན”གྱི་སྒུལ་བདེའི་དུད་སྣེ་ཁྲི་250ལས་བརྒལ་བ་བཅས་རེད།