མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་གློག་འཕྲིན་བཏང་ནས་ཨའོ་ལི་ཡིས་ནེ་པ་ལའི་ཙུང་ལི་གསར་པའི་
འགན་བཞེས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་13ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁ་ཏེ་ཀ•ཕུའུ་ལ་ས་ཏེ•ཤར་མ•ཨའོ་ལི་ལ་གློག་འཕྲིན་བཏང་ནས་ཁོང་གིས་ནེ་པ་ལ་སྲིད་གཞུང་གི་ཙུང་ལི་གསར་པའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
         ལི་ཁེ་ཆང་གིས་རྟེན་འབྲེལ་ཞུས་པའི་གློག་འཕྲིན་ནང་ཀྲུང་ནེ་རྒྱལ་ཁབ་གཉིས་ནི་མཛའ་ཞིང་མཐུན་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཡུན་རིང་ཉམས་སད་ཐེག་པའི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་ཡིན་ཞིང་། ཕྱོགས་གཉིས་ཀས་ཕན་ཚུན་དོ་ཁུར་བྱེད་པའི་གནོད་དོན་གལ་ཆེན་ཐད་སྔ་ཕྱི་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁྱེད་དང་ནེ་པ་ལའི་སྲིད་གཞུང་གསར་པའི་འགོ་ཁྲིད་འོག ནེ་པ་ལས་རྒྱལ་ཁབ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཕེལ་རིམ་ནང་གྲུབ་འབྲས་གསར་པ་ལེན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་། ངས་ཁྱེད་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཀྲུང་ནེ་རྒྱལ་ཁབ་གཉིས་མི་རབས་ནས་མི་རབས་བར་མཛའ་མཐུན་ལྡན་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མ་ཆད་པར་འཕེལ་རིམ་གསར་པར་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་བསྟན་པ་རེད།