མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ལ་གཟེངས་བསྟོད་མཛད་སྒོའི་
ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་15ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས13ཉིན་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་བཞུགས་མོལ་ཚོགས་འདུ་ཚེས་13ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་པ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉིན་ཤས་གོང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་བཀུར་ཡང་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་གཟབ་རྒྱས་བྱེད་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་གྱུར་མངོན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཀུན་སྤྱོད་དཔེ་བཟང་ནི་ཀུན་སྤྱོད་ལག་ལེན་གྱི་མིག་དཔེ་ཞིག་ཡིན། དྲིལ་བསྒྲགས་སློབ་སྦྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་རྣམ་པ་གསར་གཏོད་དང་དངོས་ཕན་ལ་སྣང་ཆེན་བྱས་ནས་ཀུན་སྤྱོད་དཔེ་བཟང་གི་མིག་དཔེའི་སྟོབས་ཤུགས་དེ་མང་ཚོགས་དུང་ཕྱུར་ཁ་ཤས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བ་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་ལ་བརྩི་ཞིང་གཤིས་བཟང་གཏོད་པ་དང་། མིག་ལྟོས་བཟང་ལྟ། སྤྱོད་བཟང་དར་སྤེལ་གཏོང་བ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་ནས་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་དུས་རབས་ཀྱི་སྲོལ་བཟང་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་དེ་བློ་སེམས་གཅིག་སྡུད་བྱས་ཐོག་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པའི་ངང་བཏོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བསམ་པའི་སྒུལ་ཤུགས་དང་ཀུན་སྤྱོད་ཀྱི་འཚོ་བཅུད་རྒྱུན་མི་ཆད་པར་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་བྱས་ཤིང་། ཝང་ཁྲང་ཧྥུའུ་སོགས་བློ་མཐུན་62ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ལེའོ་ལི་ཁྲུན་སོགས་བློ་མཐུན་265ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་སྤྲད་པ་རེད། སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་འཐུས་མི། ཡུན་ནན་ཞིང་ཆེན་ནུའུ་ཅང་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཀོའོ་ཏེ་རུང་དང་སྐབས་གོང་མའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་འཐུས་མི། ཨན་ཀང་ཚོགས་པའི་གཏེར་ལས་ཀུང་སིའི་ཆི་ཏ་ཧྲན་ལྕགས་གཏེར་ཐོན་སྐྱེད་ལག་རྩལ་ཁང་གི་གཏེར་འདོན་གཞུང་ལམ་བདག་སྐྱོང་པ་ཀུའོ་དབྱི་མིང་དང་། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་བློ་མཐུན་བཅས་སོ་སོས་གཏམ་བཤད་སྤེལ་བ་རེད། སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་འཐུས་མི། མཚོ་དམག་ཏ་ལན་དམག་གྲུ་སློབ་གླིང་གི་སློབ་མའི་ལུའེ་145དཔུང་ཁག་གི་སློབ་མ་ཀོན་ཏུང་གིས་《སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་གྲོས་འདོན་ཡི་གེ་》སྒྲོག་སྦྱངས་བྱས་པ་རེད།