མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁ་རེ་ཤེ་ཡའི་ཙུང་ཐུང་ཅི་ཐ་ལུའོ་ཝུའེ་ཆི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་16ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཁ་རེ་ཤེ་ཡའི་ཙུང་ཐུང་ཅི་ཐ་ལུའོ་ཝུའེ་ཆི་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁ་རེ་ཤེ་ཡའི་ཙུང་ཐུང་ཅི་ཐ་ལུའོ་ཝུའེ་ཆི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ཀྲུང་གོ་དང་ཁ་རེ་ཤེ་ཡའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་རྦད་དེ་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཙུང་ཐུང་ཅི་ཐ་ལུའོ་ཝུའེ་ཆི་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པ་དང་འབྲེལ་2015ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ནང་ཞུགས་པར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་གོ་དང་ཁ་རེ་ཤེ་ཡའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། ཙུང་ཐུང་ཅི་ཐ་ལུའོ་ཝུའེ་ཆིས་ཀྲུང་གོ་དང་ཁ་རེ་ཤེ་ཡའི་དབར་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་སྐབས་སུ་ཀྲུང་གོར་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་རེད། ཀྲུང་གོ་དང་ཁ་རེ་ཤེ་ཡའི་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱས་ཏེ་ཕན་ཚུན་དབར་་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་ཀྱི་རིམ་པ་ཁག་གི་སྤེལ་རེས་དང་སྐད་ཆ་བྱེད་རེས་ཟབ་ཏུ་གཏོང་དགོས། ཁ་རེ་ཤེ་ཡ་ནི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པས་དཔལ་འབྱོར་སྒྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཞིབ་དཔྱད་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནང་དེ་བས་ཧུར་ཐག་ཞུགས་པ་དང་འབྲེལ་ཕྱོགས་གཉིས་པོས་ནུས་རྒྱུ་དང་། འགྲིམ་འགྲུལ། བཟོ་ལས་གླིང་ཁུལ། དངུལ་རྩ། འཕྲིན་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུར་ཤུགས་བརྒྱབ་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་དེ་བས་ལེགས་པའི་སྒོ་ནས་ཤུགས་རྒྱག་དགོས། ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་སོགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཐད་ཀྱི་དམངས་ཀྱི་འདོད་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།