མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་དང་མཉམ་དུ་
དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་དང་མཉམ་དུ་
དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན་པེ་ཅིང་དུ་ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཕེབས་ནས་དེ་གའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཡོངས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
         ཀྲུང་ཧྭ་མི་རིགས་ཀྱི་སྤྲེལ་ལོའི་སྲོལ་རྒྱུན་དཔྱིད་གསར་དུས་ཆེན་འཆར་མཚམས་སུ་མི་རིགས་རང་བཙན་དང་བཅིངས་འགྲོལ་ཆེད་ཁྱད་དུ་འཕགས་པའི་བྱས་རྗེས་བཞག་པ་དང་། རྒྱལ་ཁབ་དང་དཔུང་སྡེ་འཛུགས་སྐྱོང་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་དང་མཉམ་དུ་དགའ་འཛོམས་བྱས་པ་རེད།
           འདས་པའི་ལོ་གཅིག་ལ་ཕྱིར་ལྟ་བྱས་ན། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞིས་ཅིན་ཕིང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་དག་ཐེར་དམ་འཛིན་དང་། གཡུལ་གཤོམ་དམ་འཛིན། སྒྱུར་བཅོས་དམ་འཛིན། འཆར་འགོད་དམ་འཛིན་བཅས་ཏན་ཏིག་བྱས་པས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མ་ཟད། ཆབ་སྲིད་དམག་སྐྲུན་དང་། སྒྱུར་བཅོས་དམག་དར། ཁྲིམས་བཞིན་དམག་སྐྱོང་བཅས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་ཀུན་གྱིས་གསལ་པོར་ཚོར་ཡོད། ཚང་མས་ལོ་གསར་པའི་ནང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་དོན་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་བབ་གསར་པའི་འོག་ཏང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་དེ་སྣེ་འཁྲིད་དུ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་ནས་དམག་དར་དམག་འཕེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གཅིག་མཐུན་ངང་བརྗོད་པ་རེད།
           རིག་རྩལ་འཁྲབ་སྟོན་དེ“དཔུང་སྡེ་སྟོབས་ཆེན”དང་། “བསིལ་རླུང་ལྡང་བ” “ཡར་བརྩོན་མདུན་སྐྱོད”བཅས་རོལ་དབྱངས་ལེ་ཚན་3དུ་དབྱེ་ནས་དམག་ཡོངས་ཀྱི་དཔུང་སྡེའི་བླ་སྲོག་བརྟན་གཏོང་དང་། སྤྱོད་ཚུལ་ལེགས་སྒྱུར། དམག་སྦྱོང་འཐབ་གྲབས། སྒྱུར་བཅོས་ཟབ་གཏོང་བཅས་ཀྱི་ལག་ལེན་གསར་པ་དང་སྣང་ཚུལ་གསར་པ་གཅིག་སྡུད་ཐོག་མཚོན་པ་དང་། རྒྱ་ཆེའི་དམག་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་དེ་གསོན་ཉམས་དོད་པོས་མཚོན་ཡོད། རྔམ་བརྗིད་ལྡན་པའི་མཉམ་གཞས་ཆེན་པོ་《དམག་དཔུང་སྟོབས་ཆེར་གཏོང་བའི་སྒྱུར་བཅོས་ལམ་བུའི་ཐོག་》ཞེས་པའི་ཁྲོད་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། མཉམ་གཞས་《ལང་ཚོ་དེ་དམག་འཐབ་ཁྲོད་སྐྱེས་སུ་འབུལ་》སོགས་ཀྱིས་དམག་ཡོངས་དང་དམག་རིགས་ཁག དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱི་བརྟན་བརླིང་དཔའ་མཛངས་དང་འཐབ་ཕོད་རྒྱལ་ངེས་ཀྱི་བློ་སྟོབས་ཆེན་པོ་མཚོན་ཡོད། གཞས་སྣེ་ཁྲིད་པ་དང་མཉམ་གཞས་《གནའ་བོའི་ཞིང་སར་བསིལ་རླུང་ལྡང་》དང་《དཔའ་བོ་ཁྲི་ལོར་བརྟན་པར་ཤོག་》སོགས་ཀྱི་ཐོག་ནས་དམག་ཡོངས་དཔུང་སྡེས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྲོལ་རྒྱུན་ཕུལ་བྱུང་དར་སྤེལ་དང་དགོངས་དོན་གྱི་ངོ་བོ་བརྟན་གནས་ཀྱི་ཉམས་འགྱུར་གསར་པ་མཚོན་ཡོད། ཞབས་བྲོ་《མིག་ལྟོས·མིག་ལྟོས་》ཞེས་པའི་ཐོག་ནས་དམག་ཡོངས་ཀྱི་དཔོན་དམག་གིས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞིས་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས་སྒྱུར་བཅོས་དམག་དར་གྱི་བློ་སྟོབས་བརྟན་པོའི་ནང་ཧུར་ཐག་ཞུགས་ལུགས་མཚོན་པ་རེད། གཞས་སྣེ་ཁྲིད་པ་དང་མཉམ་གཞས་《ས་གཞི་ཆེན་པོའི་དྲི་བསུང་》དང་། མཉམ་གཞས་《ཀྲུང་ཧྭར་གཟི་འོད་འཚེར་》ཞེས་པའི་ཐོག་ནས་དམག་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་ཀྲུང་གོའི་ཕུགས་འདུན་མཉམ་གཏོད་ཀྱི་རེ་སྙེག་ཡག་པོ་མཚོན་པ་མ་ཟད། མི་དམངས་མང་ཚོགས་དང་དཔུང་སྡེའི་དཔོན་དམག་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ཡིད་ཆེས་ཟབ་མོ་དང་སྙིང་ཐག་པ་ནས་གུས་བཀུར་ཞུ་བའི་ཟོལ་མེད་བརྩེ་སེམས་བཅངས་ཡོད་པ་རེད།