མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ནེ་པ་ལ་ནི་མི་རབས་ནས་མི་རབས་བར་མཛའ་གྲོགས་འབྲེལ་བ་ཟབ་པ་དང་ཕྱོགས་ཡོངས་ནས་མཉམ་ལས་བྱེད་མཁན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་པོས་སྔ་བར་ཕྱི་གསུམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་གཉིས་ཕན་མཉམ་ལས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཐབས་བྱས་ཡོད། ཀྲུང་གོ་དང་ནེ་པ་ལ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་མིག་སྔར་རྒྱལ་ཁབ་གཉིས་ཀར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལས་འགན་འཕྲད་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་སྲོལ་རྒྱུན་གྱི་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་ཁག་ཏུ་དོན་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་དང་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ནེ་པ་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་ཏན་ཏིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ནེ་ཕྱོགས་གཉིས་པོས་མཐོ་རིམ་གྱི་འབྲེལ་གཏུག་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་གོམ་སྟབས་བརྟན་པོས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དེ་ནེ་པ་ལའི་རྒྱལ་ཁབ་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་ཐུབ་པ་བྱས་ནས། ཀྲུང་གོ་དང་ནེ་པ་ལའི་རང་མོས་ཉོ་ཚོང་ཁུལ་སྐྲུན་མགྱོགས་སུ་བཏང་སྟེ་གེགས་རྗེས་བསྐྱར་སྐྲུན་དང་ཐོན་ནུས་མཉམ་ལས་བྱེད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་གཞུང་ལམ་དང་འགག་སྒོ་འཛུགས་སྐྲུན་སོགས་ཀྱིས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྔར་ལས་ལྷག་པའི་ངང་ཕྱོགས་གཉིས་པོའི་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཨའོ་ལིས་ཀྲུང་གོ་ནི་ནེ་པ་ལའི་རླབས་ཆེའི་གྲོགས་པོ་དང་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་ཞིག་ཡིན་པས་ནེ་པ་ལ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་མི་སེམས་སུ་བརྟན་པོ་ཟུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་དང་ཉེ་འཁོར་རྒྱལ་ཁབ་ལ་འཛིན་པའི་ཟོལ་མེད་ཕན་འདོགས་ཀྱི་སྲིད་ཇུས་ལ་ནེ་པ་ལ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ནེ་པ་ལའི་གེགས་རྗེས་བསྐྱར་སྐྲུན་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བརྟན་པོ་བྱས་ནས་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལར་ཀྲུང་གོའི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་སྤེལ་དུ་འཇུག་གི་མིན་ཞེས་གསུངས་པ་རེད།